དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས།

    གསར་དུ་བཟོ་བཅོས་བརྒྱབ་པའི《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་2024ལོའི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

    གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་དམིགས་ཡུལ་ནི། རྒྱལ་ཁབ་ཀྱིས་དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་འགན་ལེན་དང་། དམག་མིས་མེས་རྒྱལ་སྲུང་སྐྱོབ་དང་མེས་རྒྱལ་འཛུགས་སྐྲུན་ཆེད་རང་སྲོག་བློས་གཏོང་བྱེད་པའི་སྙིང་སྟོབས་ལ་སྐུལ་ལྕག་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དམག་མི་སྤྱི་ཚོགས་ཡོངས་ཀྱིས་གུས་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་ཁྱོན་ལེའུ་6དང་དོན་ཚན་64ཡོད་པ་དང་བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ་གཤམ་གསལ།

    གཅིག་ནས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་ལས་དོན་གྱི་གཞི་རྩའི་རྩ་དོན་ཁ་གསལ་བཟོས་པ། དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་ལས་དོན་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཐོབ་ཐང་དང་ལེགས་སྐྱེས་ཆ་སྒྲིག་དང་། བསམ་པ་དང་དངོས་པོ་གལ་ཆེ་མཉམ་འཛིན། གཅེས་སྐྱོང་དང་ཞབས་ཞུ་ཟུང་འབྲེལ་བཅས་ཀྱི་རྩ་དོན་ལག་བསྟར་བྱས་ཡོད། འཆི་གོད་གྱོང་གསབ་ཀྱི་ཚད་གཞི་སྟབས་བསྟུན་ལེགས་སྒྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཆི་གོད་གྱོང་གསབ་འགན་སྲུང་ཆུ་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་དགོས་མཁོ་དང་འཚམ་ཐུབ་པའི་འགན་ལེན་བྱས་ཡོད།

    གཉིས་ནས། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པར་བྱས་པ། འཆི་གོད་གྱོང་གསབ་སྤྲོད་ཡུལ་གྱི་ཁྱབ་ཁོངས་དང་ནང་དོན་ཁ་གསལ་བཟོས་པ་དང་། དོ་དམ་སྒྲིག་སྲོལ་ཁ་གསལ་བཟོས་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གཙོ་གཉེར་སྡེ་ཚན་དང་། འབྲེལ་ཡོད་ལས་ཁུངས་གཞན་དག དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འཆི་གོད་གྱོང་གསབ་ལས་ཀའི་འགན་འཁྲི་གཏན་འབེབས་བྱས་ཡོད། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འགན་འཁྲི་ཁ་གསལ་བཟོས་པ་དང་། སྔོན་གཤེགས་དཔའ་བོ་དཔྱད་བསྡུར་གཏན་འབེབས་དང་དབང་པོ་སྐྱོན་ཅན་གྱི་འཆི་གོད་གྱོང་གསབ་དངུལ་སྤྲོད་པ་སོགས་ལས་དོན་གྱི་དམག་དཔུང་དང་ས་གནས་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།

    གསུམ་ནས། འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་བྱེད་ཐབས་མང་དུ་བཏང་ནས་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། འཆི་གོད་གྱོང་གསབ་བྱ་ཡུལ་གྱིས་སྤྱི་ཚོགས་འགན་སྲུང་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་འཚམ་པའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པའི་གཏན་འབེབས་བྱས་ཡོད། མཛད་རྗེས་ཅན་ལ་བསྩལ་བའི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ཐོབ་མཁན་གྱི་འདས་པོའི་ཁྱིམ་མིར་གཟིགས་སྐྱོང་དངུལ་ཚད་མང་དུ་གཏོང་བ་དང་འཆི་གོད་གྱོང་གསབ་བྱ་ཡུལ་རྟེན་འབྲེལ་མཛད་སྒོ་གལ་ཆེན་ནང་ཞུགས་རྒྱུར་གདན་འདྲེན་ཞུ་བ་སོགས་ཀྱི་བྱ་ཐབས་བརྒྱུད་གཟི་བརྗིད་མཚན་སྙན་སྤྲད་ནས་ལྕག་འདེབས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གཅེས་སྐྱོང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་འཆི་གོད་གྱོང་གསབ་བྱ་ཡུལ་ལ་གཅེས་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།

    བཞི་ནས། འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་གོ་རིམ་ལེགས་སུ་བཏང་ནས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་བ། ཐེངས་གཅིག་ལ་གཟིགས་སྐྱོང་དངུལ་སྤྲོད་པའི་གོ་རིམ་ཁ་གསལ་བཟོས་ནས་འཆི་གོད་གྱོང་གསབ་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཡོད། དབང་པོ་སྐྱོན་ཅན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་ཀྱི་གོ་རིམ་ཞིབ་ཚགས་སུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་རིམ་པ་གསབ་གཉེར་དཔྱད་བསྡུར་གཏན་འབེབས་བྱེད་པའི་གནས་ཚུལ་ཁ་སྣོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།