དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བདུན་པའི་བར་ལྕགས་ལམ་ནས་འགྲུལ་པ་དབོར་ཚད་དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་མཐོ་ཤོས་བཏོད་པ།

    མི་ཐེངས་དུང་ཕྱུར་25ལྷག་ཟིན་ནས་དུས་མཚུངས་ལས་བཅུ་ཆ་གཅིག་ལྷག་ཙམ་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-15

     གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་25.22ཟིན་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་རེར་མི་དུང་ཕྱུར་9454.53ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་15.7%དང10.6%འཕར་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཡོད་པ་རེད།

    ད་ལོ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་ལེགས་འཕེལ་བྱུང་བ་དང་མི་སྣ་འཁོར་སྐྱོད་བྱེད་ཚད་མགྱོགས་སུ་ཕྱིན་སྟབས། ལྕགས་ལམ་སྡེ་ཚན་གྱིས་སྐྱེལ་འདྲེན་ནུས་པ་ཐབས་བརྒྱ་ཇུས་སྟོང་གིས་ཆེ་རུ་བཏང་བ་དང་། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་10434གཏོང་གི་ཡོད་པ་དེ་དུས་མཚུངས་ལས་མེ་འཁོར་998མང་དུ་ཕྱིན་ནས་འཕར་ཚད་10.6%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།