དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གིས་གསོ་སྦྱོང་སྒྲིག་གཞི་ཁག་16མ་དངུལ་སྔོན་བསྡུའི་ལྟ་འདོམས་ནང་འཇུག་རྒྱུའི་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསོ་སྦྱོང་གྲོན་དངུལ་སྔོན་ལ་སྤྲད་པ་ཕྱིར་སློག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་ཆར། པེ་ཅིང་གྲོང་ཁྱེར་གྱིས་གསོ་སྦྱོང་གི་མ་དངུལ་སྔོན་བསྡུའི་ལྟ་འདོམས་ཚད་གཞི་དོན་འཁྱོལ་བྱེད་པའི་ཆེད་ལས་ལག་རྩལ་རིགས་ཀྱི་ལས་རིགས་འོས་བབ་ཡིག་རྒྱུགས་སྒྲིག་གཞིའི་མིང་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་པའི་གྲས་སུ་གསོ་སྦྱོང་སྒྲིག་གཞི་ཁག་16ཚུད་ཡོད་པ་དང་། གསོ་སྦྱོང་སྒྲིག་གཞི་དེ་དག་གི་གསོ་སྦྱོང་རྣམ་གྲངས་ཁག་གཅིག་གི་འཛད་སྤྱོད་པའི་སྔོན་བསྡུའི་གྲོན་དངུལ་དག་མ་དངུལ་ཉར་ཚགས་དོ་དམ་བྱེད་ཁོངས་སུ་བཅུག་ཡོད། གསོ་སྦྱོང་ཞབས་ཞུ་ལེགས་འགྲུབ་མ་བྱུང་བ་དང་འཛད་སྤྱོད་པའི་མོས་མཐུན་མ་བྱུང་བའི་གནས་ཚུལ་འོག གསོ་སྦྱོང་སྒྲིག་གཞིས་དངུལ་ཁང་གི་ཆེད་སྤྱོད་རྩིས་ཁྲ་ནས་སྔོན་བསྡུའི་མ་དངུལ་ལེན་མི་ཆོག་པར་བཟོས་ཏེ། འབྱུང་རྩ་ནས་འཛད་སྤྱོད་པའི་མ་དངུལ་བདེ་འཇགས་ཡོང་བར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་པའི་གསོ་སྦྱོང་སྒྲིག་གཞིའི་གྲས་སུ་ཀྲུང་གོ་བསྡོམས་རྩིས་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི་དང་། པེ་ཅིང་ཧེ་ཞུའེ་དྲ་བའི་སློབ་གསོ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི། པེ་ཅིང་ཧོན་ཆིའུ་ཞིང་ཞུའེ་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་ཚུད་པ་དང་། གསོ་སྦྱོང་རྣམ་གྲངས་ཀྱི་གྲས་སུ་དེབ་འཛིན་སྨན་སྦྱོར་པ་དང་། བཟོ་སྐྲུན་པ། ཐོ་འགོད་བདེ་འཇགས་བཟོ་བཀོད་པ་སོགས་རིགས་14ཚུད་ཅིང་། ཉར་ཚགས་དོ་དམ་མ་དངུལ་བསྡོམས་སྒོར་ཁྲི་800ཙམ་ཟིན་ཡོད། ཁྱབ་བསྒྲགས་བྱས་པའི་ནང་དོན་གྱི་གྲས་སུ་གསོ་སྦྱོང་སྒྲིག་གཞིའི་མིང་དང་། གཅིག་གྱུར་གྱི་ཡིད་རྟོན་ཚབ་ཨང་། མ་དངུལ་ཉར་ཚགས་དོ་དམ་བྱེད་ཁོངས་སུ་བཅུག་པའི་གསོ་སྦྱོང་རྣམ་གྲངས། མ་དངུལ་སྔོན་བསྡུའི་ཉར་ཚགས་དོ་དམ་གྱི་དངུལ་ཁང་། དེ་བཞིན་ཉར་ཚགས་དོ་དམ་བྱེད་འགོ་ཚུགས་པའི་དུས་ཚོད་སོགས་ཀྱི་ཆ་འཕྲིན་ཚུད་ཡོད།

    2022ལོར་པེ་ཅིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དངུལ་རྩའི་ལྟ་འདོམས་སྡེ་ཚན་དང་མཉམ་དུ《པེ་ཅིང་གྲོང་ཁྱེར་གྱི་ཆེད་ལས་ལག་རྩལ་རིགས་ཀྱི་ལས་རིགས་འོས་བབ་ཡིག་རྒྱུགས་གསོ་སྦྱོང་སྒྲིག་གཞིའི་སྤྱོད་སྒོ་རྐྱང་པའི་སྔོན་གཏོང་གཱ་ཡི་མ་དངུལ་སྔོན་བསྡུའི་ལྟ་འདོམས་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་ཏེ། གསོ་སྦྱོང་སྒྲིག་གཞིའི་སྔོན་གཏོང་གཱ་ཡི་སྔོན་བསྡུའི་མ་དངུལ་ལ་ཆེད་སྤྱོད་རྩིས་ཁྲ་ནས་ལྟ་སྐུལ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།