དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་འཁོར་གྱི་ཆུ་འབབ་ཚད་བཀོད་གཏོང་ལས་དོན་ལེགས་གྲུབ་ཟིན་པ།

    ལོ་ཉི་ཤུ་རྩ་ལྔ་བསྟུད་མར་རྨ་ཆུའི་ཆུ་རྒྱུན་ཆད་མྱོང་མེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-15

    ཟླ་8ཚེས་12ཉིན། 2023ལོ་ནས་2024ལོའི་ལོ་འཁོར་གྱི་རྨ་ཆུ་འབབ་ཚད་ཀྱི་བཀོད་གཏོང་ལས་དོན་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། 1999ལོ་ནས་ད་བར་ལོ་25བསྟུད་མར་རྨ་ཆུའི་ཆུ་རྒྱུན་ཆད་མྱོང་མེད་པ་རེད།

    2023ལོ་ནས་2024ལོའི་ལོ་འཁོར་ནང་ཆུ་བེད་པུས་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་དང《རྨ་ཆུ་འབབ་ཚད་ཀྱི་བཀོད་གཏོང་སྲོལ་ཡིག》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང“ཆུ་བོར་གཞིགས་པའི་གཏན་འཁེལ་བཞི”ཡི་རྩ་དོན་ལག་ལེན་ནན་ཏན་བསྟར་ཏེ། ཐབས་མང་མཉམ་སྤྱོད་དང་གནད་སྨིན་ཇུས་བསྟར་གྱིས་རྨ་ཆུའི་འབབ་ཚད་གཅིག་གྱུར་བཀོད་གཏོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་། ཆུ་ཤུགས་ཆུང་དུ་ཕྱིན་པ་ལས་ཆུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་མི་འདང་བ་སོགས་ཀྱི་ཞན་ཆ་བསལ་ནས་བཀོད་གཏོང་དམིགས་ཚད་ཁག་བདེ་བླག་ངང་ལེགས་སྒྲུབ་བྱུང་བར། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།

    ཆུ་བེད་པུའུ་ཡིས་ཆུའི་སྤྱི་འབོར་ལ་ཚོད་འཛིན་དང་བཀོད་གཏོང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ཆེན་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་ལོ་འཁོར་གྱི་བཀོད་གཏོང་འཆར་གཞི་དང་། བཀོད་གཏོང་ཇུས་གཞི། དུས་ཐོག་བཀོད་གཏོང་བཅས་བྱེད་པའི་བཀའ་རྒྱ་ལག་བསྟར་ནན་པོ་བྱེད་པར་ལྟ་སྐུལ་བྱས་ནས། ཆུ་འབབ་ཚད་ཀྱི་བཀོད་གཏོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། རིམ་རྩིས་བརྒྱབ་ན་ལོ་འཁོར་འདིའི་ནང་རྨ་ཆུའི་ཆུ་གཞུང་ཨ་མས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་232.77མཁོ་འདོན་བྱས་པ་དང་། ཞིང་ཆེན་ཁག་གི་ཆུ་སྤྱོད་པའི་སྤྱི་འབོར་ལོ་འཁོར་གྱི་བཀོད་གཏོང་འཆར་གཞིའི་བགོ་བཤའི་དམིགས་ཚད་ལས་བརྒལ་མེད་པ་རེད།

    གོམ་སྟབས་རྗེས་མར། ཆུ་བེད་པུས་འབབ་རྒྱུད་ཀྱི་ཆུ་གཞུང་ཨ་མ་དང་ཆུ་ལག་གཅིག་གྱུར་བཀོད་གཏོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་བཀོད་གཏོང་ཆུ་ཚད་དང་དོ་དམ་ནུས་པ་ཆེ་རུ་བཏང་སྟེ། རྨ་ཆུར་སྲུང་སྐྱོང་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཆུའི་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།