དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཝུ་ཀན་ཏའི་དཔལ་འབྱོར་འཕེལ་རྒྱས་ལ་ལྗང་མདོག་གི་སྒུལ་ནུས་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོང་ཝུའེ་ཤིན།   |     སྤེལ་དུས།  2024-08-15

    འདི་ནི་ཁ་ལུའུ་མ་ཆུ་ཤུགས་གློག་ཁང་ཡིན་པ།

    འདི་ནི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ལག་རྩལ་ཆེ་མོ་བས་ས་འོག་འཁོར་ཁང་དུ་སྡོད་བྱ་བྱེད་པ།

    ཁ་ལུའུ་མ་ཆུ་ཤུགས་གློག་ཁང་ནི་ཝུ་ཀན་ཏའི་བྱང་རྒྱུད་ཀྱི་པའེ་ཉི་ལུའོ་གཙང་སྟེང་དུ་གནས་པ་དང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་མ་དངུལ་བསྡུ་སྒྲིལ་ནང་ཞུགས་པ་དང་ཀྲུང་གོ་ཆུ་བེད་ཆུ་གློག་འཛུགས་སྐྲུན་ཚོགས་པ་ཀུང་སིས(གཤམ་དུ“ཀྲུང་གོ་ཆུ་གློག”ཅེས་བསྡུ་རྒྱུ)སྐྲུན་འགན་འཁུར་ཞིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་600ཟིན་པ་དང་རྣམ་གྲངས་འཛུགས་སྐྲུན་ནང་གཙོ་བོ་རགས་ཆེན་དང་། ཆུ་ལམ་མ་ལག ས་འོག་འཁོར་ཁང་བཅས་དང་དེ་བཞིན་ལེ་ལག་ཚང་བའི་གློག་ཤུགས་ཕྱིར་གཏོང་ལས་གྲྭ་ཚུད་ཡོད། འདི་ལོའི་ལོ་འགོར་ཁ་ལུའུ་མ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་མཐའ་མ་དེ་དྲ་སྦྲེལ་གློག་གཏོང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ཝུ་ཀན་ཏའི་ཆུ་ཤུགས་གློག་ཁང་ཆེ་ཤོས་ཀྱི་འཕྲུལ་ཚན་ཚང་མ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ཝུ་ཀན་ཏའི་དཔལ་འབྱོར་འཕེལ་རྒྱས་ལ་ལྗང་མདོག་གི་སྒུལ་ནུས་བསྣན་པ་མཚོན་ཡོད།

    ཁ་ལུའུ་མ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཚང་མ་དྲ་སྦྲེལ་གློག་གཏོང་བྱས་རྗེས་ཝུ་ཀན་ཏའི་རྒྱལ་ཡོངས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་1278ནས་ཀྲའོ་ཝ་1878བར་འཕར་བ་དང་འཕར་ཚད་50%ཙམ་ཟིན་ཡོད། ལོ་ལྟར་མ་བཅོས་རྡོ་སོལ་ཏུན་ཁྲི་131ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་348ཉུང་དུ་ཕྱིན་ནས། ཝུ་ཀན་ཏར་ལྗང་མདོག་ནུས་རྒྱུ་འཛད་མེད་མཁོ་འདོན་ཐུབ་རྒྱུ་རེད། རྣམ་གྲངས་ཀྱི་དོ་བདག་འཐུས་མི་ཝུ་ཀན་ཏའི་རྒྱལ་ཁབ་གློག་ཤུགས་ཀུང་སིའི་རྣམ་གྲངས་ཅིང་ལི་པའོ་ལུའོ·ཐུའུ་མུའུ་ཝུའེ་ནེ་ཡིས་ཁ་ལུའུ་མ་ཆུ་ཤུགས་གློག་ཁང་གིས་ཝུ་ཀན་ཏའི་བཟོ་ལས་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད།

    ཝུ་ཀན་ཏ་ནི་འཛམ་གླིང་ཐོག་མི་རེའི་ཆ་སྙོམས་གློག་ཤུགས་འཛད་སྤྱོད་དམའ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་རྒྱལ་ཡོངས་སུ་རྒྱལ་ཁབ་གློག་དྲའི་གློག་ཤུགས་སྤྱོད་མཁན་མི་འབོར་15%ཙམ་ལས་མེད། ཝུ་ཀན་ཏ་སྲིད་གཞུང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཁ་ལུའུ་མ་ཆུ་ཤུགས་གློག་ཁང་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ཝུ་ཀན་ཏའི་གློག་རིན་17.5%ཆག་ནས་མི་དེ་བས་མང་བས་གློག་རིན་སྤྲོད་ཐུབ་ཀྱི་ཡོད་པ་རེད། ཝུ་ཀན་ཏའི་ཙུང་ཐུང་མུའུ་སའེ་ཝུའེ་ཉི་ཡིས་རྣམ་གྲངས་ལ་ལྟ་ཞིབ་ཐེངས་མང་བྱས་པ་དང་། ཁོང་གིས“ཁ་ལུའུ་མ་ཆུ་ཤུགས་གློག་ཁང་གིས་ཝུ་ཀན་ཏའི་གློག་གཏོང་ནུས་པ་ཆེ་རུ་ཕྱིན་པ་དང་བཟོ་ལས་ཅན་གྱི་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་ནས་ཕྱི་རྒྱལ་གྱི་མ་འཇོག་མཁན་དེ་བས་མང་བའི་ཡིད་དབང་བཀུག་ཡོད”ཅེས་བཤད།

    གསར་འགོད་པ་ཀྲུང་གོ་ཆུ་གློག་གིས་བསྐྲུན་པའི་ཏི་ཆིའུ་ཉི་སྡེ་ཁུལ་སྨན་ཁང་དུ་སླེབས་སྐབས། ཡངས་ཤིང་དཀར་ཆ་དོད་པའི་སྒུག་སྡོད་ཚོམས་ཆེན་ནང་ནད་པ་དང་ནད་གཡོག་རྣམས་གྲལ་ལྟར་འགྲིག་པོས་ནད་ལྟ་བཞིན་འདུག སྨན་ཁང་གི་འགན་འཁུར་བ་ཧྥུའུ་ལཱ་ཝུའེ་ཡ་ཡིས“དེ་སྔ་དམངས་ཚོགས་སྤྱི་ལེ་10ལྷག་ཙམ་ཡོད་པའི་སྨན་ཁང་དུ་ནད་ལྟ་བར་འགྲོ་དགོས་ཀྱི་ཡོད། སྨན་ཁང་འདི་བསྐྲུན་རྗེས་ཚང་མས་ཐག་རིང་ལ་འགྲོ་མི་དགོས་པར་ཉེ་འགྲམ་ནས་ནད་ལྟ་ཐུབ”ཅེས་གསར་འགོད་པར་བཤད།

    ཁ་ལུའུ་མ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ལས་འགོ་བཙུགས་ཚུན། ས་གནས་དེ་གའི་ལས་མིས་ལས་མིའི་85%ཡན་བཟུང་བ་དང་། ལས་ཀ་མང་བའི་དུས་ས་གནས་དེ་གའི་བཟོ་པ་6000ཙམ་དང་གན་རྒྱ་བཞག་ནས་རིམ་རྩིས་བྱས་ན་ཝུ་ཀན་ཏའི་ལས་མི་ཁྲི་1.5ལྷག་ཙམ་གླས་ཡོད། རྣམ་གྲངས་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་ལག་རྩལ་བརྒྱུད་སྤྲོད་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་པ་མ་ཟད། ཆེད་ལས་རྩལ་ནུས་གསོ་སྦྱོང་དང་། དགེ་ཕྲུག་ཆ་སྒྲིག ངལ་རྩོལ་འགྲན་བསྡུར་སོགས་ཀྱི་བྱ་ཐབས་བརྒྱུད་ཆེད་ལས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད། པུའུ་ལའེ་སི་དང་མུའུ་ཉི་ཁཱ་སོགས་ཚུད་པའི་ས་གནས་དེ་གའི་ལས་མི་ཁག་གཅིག་རྣམ་གྲངས་འཛུགས་སྐྲུན་གྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།