ཀྲུང་གོ་སའི་གོ་ལ་ཧྲིལ་པོའི་གསར་གཏོད“ཚོད་ལྟ་ཁང”ཞིག་ཏུ་འགྱུར་རེ་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། གོ་ལ་ཧྲིལ་པོར་གཏོང་བའི་ཀྲུང་གོའི་ཚོང་ཟོག་ཀྱང་ངལ་ནུས་འདུས་ཆེ་ནས་ལག་རྩལ་འདུས་ཆེའི་ཕྱོགས་སུ་འགྱུར་བཞིན་ཡོད།
“ཐོན་སྐྱེད་ནུས་ཤུགས་གསར་མ”དང“སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པ་དེ་མི་རྣམས་ཀྱིས་ཀྲུང་གོའི་དཔལ་འབྱོར་སྐོར་བགྲོ་གླེང་བྱེད་སྐབས་གླེང་མང་བའི་ཐ་སྙད་ཅིག་ཏུ་འགྱུར་བཞིན་ཡོད། དེའི་ཕྱོགས་གཅིག་ནས་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་སུ་གཏོང་བར་འབད་པ་ལྷོད་མེད་བྱེད་ཚུལ་མཚོན་ཐུབ། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་གོ་ལ་ཧྲིལ་པོར་གཏོང་བའི་ཀྲུང་གོའི་ཚོང་ཟོག་ཀྱང་ངལ་ནུས་འདུས་ཆེ་ནས་ལག་རྩལ་འདུས་ཆེའི་ཕྱོགས་སུ་འགྱུར་བཞིན་ཡོད།
ངས་རྟག་ཏུ་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཚུལ་ལ་དོ་སྣང་བྱེད་ཀྱི་ཡོད། མིག་སྔར་ཀྲུང་གོའི་དཔལ་འབྱོར་བཟང་ཕྱོགས་སུ་སླར་གསོ་བྱུང་བས་འབྱུང་འགྱུར་འཕར་གཞི་བརྟན་པོ་རྒྱུན་འཁྱོངས་ཐུབ་པའི་རེ་བ་ཡོད། ད་ཆ་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཀྱང་ཀྲུང་གོའི་དཔལ་འབྱོར་ལ་ཐུན་མིན་གྱི་ལེགས་ཆ་མང་པོ་ལྡན་པ་སྟེ། ཀྲུང་གོས་གཉེར་བའི་རྒྱལ་སྤྱིའི་སྤེལ་རེས་ཀྱི་བྱེད་སྒོ་སྣ་ཚོགས་ཁྲོད་རྒྱལ་མཚམས་སྒྲོལ་བའི་ཀུང་སི་མི་ཉུང་བའི་འགན་འཁུར་བས་ཀྲུང་གོའི་གོ་སྐབས་ལ་འཛིན་པའི་ལྟ་ཚུལ་མཉམ་སྤྱོད་བྱས་ནས་ཀྲུང་གོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་འདོད་ཡོད་ལུགས་བརྗོད་པ་ལས། ཁོང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་འཛིན་པའི་ཡིད་ཆེས་མཚོན་ལ། ཀྲུང་གོའི་ཁྲོམ་རའི་ཡིད་དབང་འགུག་ཤུགས་ཀྱང་མངོན་ནས་ཀྲུང་གོ་འདི་ཉིད་སྔར་བཞིན་རྒྱལ་མཚམས་སྒྲོལ་བའི་ཀུང་སིའི་མ་འཇོག་ལས་དར་བྱ་ཡུལ་གྱི་ས་རྒྱུ་གཤིན་པོ་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཁྲོད་ཀྲུང་གོས་བཏོན་པའི་ནུས་པ་དེ་བས་གལ་འགངས་ཆེན་པོར་གྱུར་ནས། ནུས་རྒྱུ་ཁོར་ཡུག་དང་། མི་ཐབས་རིག་ནུས། རྩིས་འཁོར་དང་འཕྲིན་གཏོང་སོགས་ཁྱབ་ཁོངས་མང་པོར་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་སྟེ། རྒྱལ་སྤྱིའི་ཕུལ་བྱུང་ཤེས་ལྡན་པའི་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་བཏང་ནས་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ་དེས་ཀྲུང་གོ་སའི་གོ་ལ་ཧྲིལ་པོའི་གསར་གཏོད“ཚོད་ལྟ་ཁང”ཞིག་ཏུ་འགྱུར་རེ་ཡོད་ལ། ཀྲུང་གོའི་གསར་གཏོད་ཀྱི་བྱེད་སྒོའི་ཁྲོད་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་ཕན་པ་བླངས་དང་ལེན་བཞིན་ཡོད།
ཀྲུང་གོ་ནི་དབྱི་ཐ་ལིའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་། འདི་ལོ་ནི་དབྱི་ཐ་ལི་དང་ཀྲུང་གོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བས། ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དང་འདྲ་བར་དབྱི་ཐ་ལིས་ཀྲུང་གོ་དང་ཕྱོགས་གཉིས་པོའི་འབྲེལ་བ་བཟང་པོ་བཙུགས་ནས་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། དབྱི་ཐ་ལིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་ཀྲུང་གོའི་ཁྲོམ་རར་སྤུས་ཚད་མཐོ་བའི་དབྱི་ཐ་ལིའི་ཐོན་རྫས་བཏོན་པར་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད།
(དབྱི་ཐ་ལིའི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་ཡིན)