དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཕ་ཁི་སི་ཐན་གྱི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཐོག་མ་དྲ་སྦྲེལ་ཐུབ་ནས་གློག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-15

    འདི་ནི་ཕ་ཁི་སི་ཐན་གྱི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་གི་ཆུ་རགས་མཛོད་ཁུལ་གྱི་ཡུལ་ལྗོངས་ཡིན་པ། ལེང་ཧུང་ཡོན་གྱིས་པར་བརྒྱབ།

    འདི་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་བཟོ་བཀོད་པས་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ། མཱ་ས་པུའུ·ཨ་ལིས་པར་བརྒྱབ།

    སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་ནི་ཕ་ཁི་སི་ཐན་གྱི་ཁའེ་པོར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཁུན་ཧ་གཙང་སྟེང་དུ་གནས་པ་དང་། རྒྱལ་ས་དབྱི་སི་ལན་པའོ་དང་བར་ཐག་སྤྱི་ལེ་265ཡོད། དེའི་གློག་འདོན་འཕྲུལ་འཁོར་བསྡོམས་འབོར་ཀྲའོ་ཝ་884དང་ཤོང་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1345ཟིན་གྱི་ཡོད་པ་རེད།

    ཆུ་ཤུགས་གློག་ཁང་དེ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་སྔོན་ལ་ལག་བསྟར་བྱས་པའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། 2017ལོའི་ཟླ་དང་པོར་སྐྲུན་འགོ་ཚུགས་པ་དང་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་མཚོ་ཐོག་མ་འཇོག་ཀུང་སིས་མ་འཇོག་བྱས་པ་དང་ཀེ་ཀྲོའུ་པཱ་ཀུང་སི་གསུམ་པ་དང་ཀེ་ཀྲོའུ་པཱ་འཕྲུལ་གློག་ཀུང་སིས་སྐྲུན་འགན་ཁུར་ཡོད། དེ་ནི་མིག་སྔར་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་ལྗང་མདོག་ཆུ་གློག་མ་འཇོག་རྣམ་གྲངས་ཆེ་ཤོས་དེ་ཡིན་ཞིང་། དེར་ཕྱི་རྒྱལ་དུ་ཡོད་པའི་འཕྲུལ་འཁོར་རྐྱང་པའི་ཤོང་ཚད་ཆེ་ཤོས་ཀྱི་རྡབ་རྡེག་རྣམ་པའི་ཆུ་འཁོར་གློག་གཏོང་འཕྲུལ་ཚན་དང་འཛམ་གླིང་ཐོག་གནོན་ཤུགས་ཆེ་ཤོས་ཀྱི་ཁྲོན་པའི་ཁྱུ་ཚོགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།