དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་འཛམ་གླིང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-15

    ཚེས་12ཉིན“གཞོན་ནུ་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་འཛམ་གླིང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་པེ་ཅིང་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་130ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་20ལྷག་ཙམ་ནས་ཡོང་བའི་གཞོན་ནུའི་འཐུས་མི་2000ལྷག་ཙམ་དྲ་ཐོག་དང་དྲ་ཕྱི་ནས་གླེང་སྟེགས་ལ་ཞུགས་པ་རེད། ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས། འཛམ་གླིང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། གླེང་སྟེགས་དེ་2022ལོར་གཉེར་ཚུན། འཛམ་གླིང་གི་གཞོན་ནུ་ཚོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་འབོད་སྐུལ་བྱེད་པ་དང་གོ་ལ་ཧྲིལ་པོས་མཉམ་དུ་གཞོན་ནུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དར་སྤེལ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་སྟོབས་ཤུགས་ཆེ་ཤོས་གཅིག་ཏུ་བསྡུ་བར་དམིགས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་དང་འཛམ་གླིང་གཞོན་ནུའི་ཚོགས་ཆེན་གྱི་དྲུང་ཆེ་ཨའེ་ཏི་ཨོའུ་ལ·ཕ་ཧྲི་ལ་ལི་སོགས་སྐུ་མགྲོན་གྱིས་སྐད་ཆ་ཤོད་རེས་བྱས་པ་རེད། གཞོན་ནུའི་གཏམ་བཤད་ལྷུ་ཚིགས་ནང་གོ་ལ་ཧྲིལ་པོའི་གཞོན་ནུའི་འཕེལ་རྒྱས་བྱ་སྤྱོད་འཆར་གཞིའི་དཔེ་མཚོན་རྣམ་གྲངས་ཀྱི་འགན་འཁུར་བ་9ཡིས་གཞོན་ནུའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་གྲུབ་འབྲས་དང་འབྱུང་འགྱུར་གྱི་འཆར་གཞི་མཉམ་སྤྱོད་བྱས་པ་རེད། རྒྱལ་ཁབ་8ནས་ཡོང་བའི་གཞོན་ནུའི་འཐུས་མིས《འབྱུང་འགྱུར་དབུ་ཚོགས་སྐོར་གྱི་རྒྱལ་སྤྱིའི་གཞོན་ནུའི་གྲོས་འགོ》སྤེལ་ནས་འཚོག་ཉེར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྱུང་འགྱུར་དབུ་ཚོགས་ལ་གཞོན་ནུའི་གྲོས་འགོ་བཏོན་པ་དང་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་འཛུགས་སྐྲུན་བྱེད་པའི་གཞོན་ནུའི་རེ་བ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།