དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཚང་མ་མཇུག་འགྲིལ་བ།

    ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཁྱོན་བསྡོམས་གསེར་གྱི་རྟགས་མ་40དང་། དངུལ་གྱི་རྟགས་མ་27 ཟངས་ཀྱི་རྟགས་མ་24བཅས་ཐོབ་སྟེ་རྒྱལ་ཕྱིའི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-14

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན་གྱི་དགོང་མོར། ཀྲུང་གོའི་རུ་ཁག་གི་གཅེན་གཅུང་མཚེ་མ་ཝང་ལིའུ་དབྱི་དང་ཝང་ཆན་དབྱི་ལ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟབས་རྐྱལ་རྩེད་ཀྱི་མི་གཉིས་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་ཡོད། དེ་ནི་ཀྲུང་གོའི་རུ་ཁག་གིས་རྣམ་གྲངས་དེའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མར་བླངས་པ་ཞིག་ཡིན་པ་དང་ཀྲུང་གོའི་རུ་ཁག་གིས་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟབས་རྐྱལ་རྩེད་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་གཉིས་ཀ་བླངས་ཡོད། འབོག་སན་འགྲན་རར་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ལི་ཆན་ལ་བུད་མེད་ཀྱི་སྤྱི་རྒྱ་75རིམ་པའི་གསེར་གྱི་རྟགས་མ་ཐོབ་ཡོད།

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་11ཉིན། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཚང་མ་མཇུག་འགྲིལ་ཞིང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་ཁྱོན་བསྡོམས་གསེར་གྱི་རྟགས་མ་40དང་། དངུལ་གྱི་རྟགས་མ་27 ཟངས་ཀྱི་རྟགས་མ་24བཅས་ཐོབ་སྟེ་1984ལོར་རང་རྒྱལ་གྱིས་ལུས་རྩལ་འཐུས་མི་ཚོགས་པ་མངགས་ནས་དབྱར་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་རྒྱལ་ཕྱིའི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།