དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིན་གྲངས་200གཉིས་ཀྱི་རིང་།

    “འཛམ་གླིང་ཡང་རྩེར”འོད་སྣང་སྦྱིན།

    མི་དམངས་དྲ་བའི“ཀྲུང་གོར་སྐྱོད་པ”ཡི་བོད་ལྗོངས་བརྟག་ཞིབ་བཅར་འདྲི་ཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-14

    འདི་ནི་བོད་ཀྱི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་འོ་མ་དེང་དགེའི་རླུང་གློག་ཐང་ཆེན་ཡིན་པ། མི་དམངས་དྲ་བའི་གསར་འགོད་པ་ཚེ་རིང་ནོར་བུས་པར་བླངས།

    འདི་ནི་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་ལྗོངས་ནག་ཆུ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧུའུ་ཅན་ཧྲེང(གཡོན་གྱི་དང་པོ)གིས་ལས་རོགས་དང་མཉམ་དུ་ལས་ཀ་བྱེད་བཞིན་པ། མི་དམངས་དྲ་བའི་གསར་འགོད་པ། ཀྲའོ་ཁྲེང་གིས་པར་བླངས།

    ཀྲུང་གོ་སྐོར། བོད་ལ་ལྟ།

    ཉིན་གྲངས་200གཉིས་ཀྱིས་དོན་སྙིང་གང་ཞིག་མཚོན་གྱི་ཡོད་དམ།

    བོད་ཀྱི་ནག་ཆུ་གྲོང་ཁྱེར་གྱི་ངོས་ནས་བརྗོད་ཚེ། ཉིན་གྲངས་200དང་པོར་རླུང་གློག་ཐང་ཆེན་ཞིག་བསྐྲུན་པ་དང་། ཉིན་གྲངས་200གཉིས་པར་ཡུལ་མི་ཁྲི་23གྱིས་གློག་མུ་མཐུད་སྤྱོད་པའི་ཆ་རྐྱེན་ལེགས་སུ་བཏང་བ་དེ་རེད།

    ཟླ་7པར། བོད་ཀྱི་ས་ཆ་གང་སར་སྔོ་ཐིང་ངེར་གནས་ཤིང་། ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་4ཙམ་བསྐྱོད་རྗེས། གསར་འགོད་པ་ནག་ཆུའི་འོ་མ་དེང་དགེའི་རླུང་གློག་ཐང་ཆེན་དུ་འབྱོར། དེར་རླུང་གློག་འཕྲུལ་ཆས་རེ་རེ་རླུང་གི་འགྲོ་ཕྱོགས་དང་བསྟུན་ཏེ་འཁོར་བཞིན་ཡོད།

    ཉིན་དགུང་གི་ཆུ་ཚོད་11ཙམ་དུ། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་ལྗོངས་ནག་ཆུ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧུའུ་ཅན་ཧྲེང་རླུང་གློག་ཐང་ཆེན་ནས་གློག་ཤུགས་འཕར་ཚིགས་སུ་ཡོང་སྟེ་གསར་འགོད་པ་དང་མཉམ་དུ་རྣམ་གྲངས་འཛུགས་སྐྲུན་གྱི་ཉིན་གྲངས་200དང་པོའི་སྐོར་གླེང་འགོ་ཚུགས།

    བོད་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་ཡིན་པ་དང་། དེའི་དམིགས་བསལ་གྱི་ས་ཁམས་ཆགས་སྟངས་དང་། ས་དབྱིབས། གནམ་གཤིས་བཅས་ཀྱི་ཁྱད་ཆོས་སོགས་ཀྱི་རྒྱུ་རྐྱེན་དབང་གིས་གནམ་གཤིས་ཀྱི་གནོད་འཚེ་ཐོན་མང་པོ་ཡོད། ཨར་སྐྲུན་བྱེད་པའི་དུས་ཚོད་ཡག་ཤོས་ནི་ལོ་ཧྲིལ་པོའི་ཟླ་5པ་ནས་10པའི་བར་ཡིན་པས། རྣམ་གྲངས་ཨར་སྐྲུན་ཚོགས་པས་དཀའ་ངལ་ཁྱད་བསད་བྱེད་དགོས་པ་མ་ཟད། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས་ཀྱི་ཡོད།

    “ན་ནིང་གི་ཟླ་7པར། རྣམ་གྲངས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་སྐབས་གློ་བུར་དུ་གངས་ཆེན་པོ་བབས་ནས་ལྗིད་འདེགས་འཕྲུལ་འཁོར་གྱིས་སྒྲིག་ཆས་བར་སྣང་དུ་ཡུན་རིང་དཔྱངས་ནས་བསྡད་དགོས་བྱུང་བ་དང་། དེ་དུས་ང་དང་ལས་རོགས་ཚང་མས་ཤུགས་ཀྱིས་སྒྲིག་ཆས་ཐག་པས་འཐེན་ནས་ཧ་ལམ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བསྡད་དེ། བུ་ཡུག་འཚུབ་ཀྱང་གཏན་ནས་གློད་མེད”ཅེས་ཧུའུ་ཅན་ཧྲེང་གིས་བཤད།

    ནུས་རྒྱུ་གསར་པའི་རྣམ་གྲངས་གཉེར་རིང་། སྤྱིར་ས་བབ་མཐོ་ཚད་སྨི་3500ནས་སྨི་5500བར་ལ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་ཞེས་བརྗོད་ཀྱི་ཡོད། འོ་མ་དེང་དགེ་རླུང་གློག་ཐང་ཆེན་ཆ་སྙོམས་ས་བབ་མཐོ་ཚད་སྨི་4650ཡི་སར་གནས་པས་རྣམ་གྲངས་འཛུགས་སྐྲུན་ལ་འགྲན་སློང་ཆེན་པོ་འཕྲད་པ་ནི་སྨོས་མི་དགོས་པ་ཞིག་རེད།

    “དེ་གར་སྐབས་རེ་རླུང་ཤུགས་རིམ་པ་13ཟིན་པས། གཟུགས་པོ་སྒུར་སྒུར་བྱས་ནས་མ་གཏོགས་འགྲོ་ཐུབ་ཀྱི་མེད། གོམ་པ་འགའ་སྤོ་རིམ་བཞིན་གསོ་རླུང་རྔུབ་དགོས་ཀྱི་ཡོད”ཅེས་ཧུའུ་ཅན་ཧྲེང་གིས་གསར་འགོད་པར་བཤད། ཁོང་གིས་ས་མཐོར་འཕྲུལ་ཆས་ལའང་མི་འཕྲོད་པ་ཡོང་གི་འདུག སྐར་མ་འགའི་རིང་སྒྲུབ་ཐུབ་པའི་ལས་ཀ་ཞིག་ཡིན་རུང་འདིར་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འགོར་གྱི་འདུག་ཅེས་བཤད།

    དེར་བརྟེན། རྣམ་གྲངས་ཀྱི་ལག་རྩལ་གསར་དུ་བཏོད་དེ་ཕན་ནུས་ཆེ་ཞིང་དྲོད་ཚད་དམའ་བ་འཁྱོག་པ་དང་ཐོག་འགོག་ནུས་པ་སོགས་དམིགས་བསལ་ནུས་པ་ལྡན་པའི་རླུང་ཤུགས་འཕྲུལ་འཁོར་ཆེད་མངགས་བཟོས་པ་མ་ཟད། འཕྲུལ་འཁོར་གྱི་རླུང་འདེད་གཤོག་པའི་ཕྱི་དབྱིབས་ལེགས་སུ་བཏང་ནས་སྨུག་ཕྱིའི་འོད་འགོག་ཐུབ་པའི་ལག་རྩལ་མང་པོ་སྤྱད་དེ་རྩི་འབུད་པ་དང་གས་པ་དང་། ཕྱི་ངོས་ཀྱི་ལྷུ་ལག་རྙིང་པ་ཆགས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

    དགུན་ཨ་རང་ད་རང་དུ། བོད་བྱང་ཐང་དུ་གཏམ་བཟང་ཡོངས་སུ་གྲགས། རྣམ་གྲངས་ལས་གཉེར་བྱེད་འགོ་ཚུགས་ནས་ཉིན་གྲངས་200སོང་བའི་རྗེས། ཧུའུ་ཅན་ཧྲེང་གི་སེམས་གཏིང་གི་ཁུར་པོ་དེ་གཞི་ནས་ཕབ་ཐུབ་ཡོད།

    2024ལོའི་ཟླ་བ་དང་པོའི་ཚེས་1ཉིན། ནག་ཆུ་གསེར་རྙེད་ཆུས་འོ་མ་དེང་དགེའི་ཀྲའོ་ཝ་100ཟིན་པའི་རླུང་ཤུགས་གློག་གཏོང་རྣམ་གྲངས་ཀྱི་ཤོང་ཚད་ཡོངས་སུ་སྒྲིལ་བའི་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་པ་དེས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་རླུང་གློག་རྣམ་གྲངས་འཛུགས་སྐྲུན་ཐད“ལོ་དེར་ཐོ་བཀོད་པ་དང་། ལོ་དེར་ལས་འགོ་བརྩམས་པ། ལོ་དེར་གློག་གཏོང་འགོ་ཚུགས་པའི” “ལྗང་མདོག་གི་ངོ་མཚར”བཏོད་ཡོད།

    ཉིན་དགུང་ཏག་ཏག་ལ། ཧུའུ་ཅན་ཧྲེང་གིས་གསར་འགོད་པ་རླུང་གློག་འཕྲུལ་འཁོར་ཡོད་སར་ཁྲིད་པ་དང་། དེར་རླུང་གློག་འཕྲུལ་འཁོར་གྱི་རླུང་གཤོག་བར་མེད་དུ་འཁོར་བ་ལས་མཚོ་བོད་ས་མཐོའི་འཕོ་འགྱུར་ཆེན་པོ་བརྗོད་བཞིན་པ་དང་གཉིས་སུ་མ་མཆིས།

    “རྣམ་གྲངས་དེ་གློག་དྲ་སྦྲེལ་ནས་གློག་གཏོང་འགོ་ཚུགས་པ་ནས་མིག་སྔའི་འཁོར་སྐྱོད་བརྟན་པོ་བྱུང་བའི་བར་ཡང་ཉིན་གྲངས་200ཕྱིན་སོང”ཞེས་ཧུའུ་ཅན་ཧྲེང་གིས་མིག་ཟུང་ཐག་རིང་གི་རི་ལྡེབས་ལ་ཕྱོགས་ནས་མྱོང་བ་ཟབ་མོའི་སྒོ་ནས་བཤད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འོ་མ་དེང་དགེའི་རླུང་གློག་རྣམ་གྲངས་ཀྱིས་ལོ་ལྟར་ནུས་རྒྱུ་གཙང་མའི་གློག་ནུས་ཏུའུ་དུང་ཕྱུར་2ཙམ་བཏང་ནས་ས་གནས་ཀྱི་ཡུལ་མི་ཁྲི་23གི་ལོ་གཅིག་གི་གློག་སྤྱོད་བསྡོམས་འབོར་གྱི་དགོས་མཁོ་བསྐངས་པ་དེས་དེ་སྔོན་གློག་ཡང་སེ་ཆད་པའི་ནག་ཆུ་མི་དམངས་ལ“གློག་རང་དགར་སྤྱོད་ཐུབ་པ”མངོན་འགྱུར་བྱུང་ཡོད།

    དེས་མ་ཚད། རྣམ་གྲངས་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་6ཙམ་གྲོན་ཆུང་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་16ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པས། ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་གཏོང་དང་། མི་སེར་ལ་དགུན་དུས་དྲོད་ལེན་དང་གློག་སྤྱོད་ཀྱི་དགོས་མཁོ་འགན་ལེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཚང་མར་ནུས་པ་ཆེན་པོ་ཐོན་ཡོད།

    ད་ཆ། འོ་མ་དེང་དགེའི་རླུང་གློག་ཐང་ཆེན་གྱིས་ཉིན་ལྟར་གློག་བརྟན་པོའི་ངང་མཁོ་འདོན་བྱེད་བཞིན་ཡོད་པ་དང་། ཧུའུ་ཅིན་ཧྲེང་དང་ཁོང་གི་ཚོགས་པའི་ལས་ཀའང་སྔོན་མ་རྣམ་གྲངས་སྐྲུན་སྐབས་ཀྱི་ཧ་ལས་ཧང་སངས་དགོས་པ་ཞིག་མེད་ཀྱང་། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ལས་ཀ་བྱེད་བཞིན་ཡོད།

    རྣམ་གྲངས་ལྟེ་བའི་ཚོད་འཛིན་ཁང་དུ་རླུང་ཤུགས་འཕྲུལ་ཙུའུ་ནས་སྐབས་བསྟུན་གྱི་གྲངས་གཞི་དང་པར་རིས་འདོན་བཞིན་པ་གསར་འགོད་པས་མཐོང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། རྣམ་གྲངས་གཅིག་སྡུད་ཚོད་འཛིན་ལྟེ་གནས་ཀྱིས་སླར་ཡང་ལག་རྩལ་རིམ་སྤོར་བྱས་ཏེ། ལས་རེས་བྱེད་མཁན་མེད་པ་དང་ཉུང་ཤས་ལས་མི་དགོས་པའི་གནས་ཚུལ་འོག་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་བྱ་ཐབས་བརྒྱུད་རྒྱང་རིང་ནས་ལྟ་འདོམས་དང་འཁོར་སྐྱོད་དོ་དམ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    “ང་ཚོས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་གློག་འདོན་འཕྲུལ་ཙུའུ་ཡི་འཁོར་སྐྱོད་ཆོས་ཉིད་དང་ཞན་ཆའི་གནས་ཚུལ་འཚོལ་ཞིབ་ཧུར་ཐག་བྱས་ནས་སླད་ཕྱིན་རིག་ནུས་ཀྱིས་སྐྱོན་ཆ་འཚོལ་ཐུབ་པའི་ཐག་གཅོད་ཇུས་གཞི་ཆ་ཚང་ཞིག་འདོན་ཐུབ་པ་བྱ་རྩིས་ཡོད” རྗེས་ཀྱི་ཉིན་གྲངས་200ཡི་རིང་། ཧུའུ་ཅན་ཧྲེང་གིས་འབྱུང་འགྱུར་ལ་ཕུགས་འདུན་ཆུང་ཆུང་ཞིག་འཆང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།