དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གཞུང་ལམ་འགག་སྒོ་དང་ཁོངས་གཏོགས་ཁུལ་གྱི་ཐད་གཏོང་མཉམ་སྦྲེལ”ལས་ཨ་ལ་ཧྲན་རི་བོའི་འགག་སྒོ་དེ་བས་སྒྲོལ་བདེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅང་ཡུན་ལུང་།   |     སྤེལ་དུས།  2024-08-14

    ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ངོས་ནས་བརྗོད་ན། དུས་ཚོད་ཀྱི་མ་གནས་ནི་གསེར་དངུལ་རང་རེད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ལ་ཧྲན་རི་བོའི་འགག་སྒོར“གཞུང་ལམ་འགག་སྒོ་+ཁོངས་གཏོགས་ཁུལ་ནས་ཐད་གཏོང”གི་སྒྱུར་བཅོས་བྱས་པ་ལས་ཁེ་ལས་ཀྱི་དུས་ཚོད་གྲོན་ཆུང་ཐུབ་ལ་སེམས་ཁྲལ་ཡང་ཆུང་དུ་སོང་ཡོད།

    སྔ་དྲོའི་ཆུ་ཚོད་11པར། ཨ་ལ་ཧྲན་རི་བོའི་འགག་སྒོའི་རླངས་འཁོར་འཇོག་སར་ཟོག་འདྲེན་རླངས་འཁོར་གྲལ་འགྲིག་པོར་བཞག་ཡོད་ལ། ཁ་ལོ་བ་ཚང་མ་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་ནས་བབས་ཏེ་ལས་གཉེར་སྐར་ཁུང་དུ་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲོ་ལུགས་གཉེར་བར་སྐྱོད།

    སྐར་མ་24ཡང་མ་སོང་བར་ཧ་སག་སི་ཐན་ནས་ཡོང་བའི་ཁ་ལོ་བ་ཨ་སི་ཁར·ཐ་ཀྲ་པེ་ཁེ་ཧྥུའུ་ཡིས་རྒྱལ་མཚམས་ནས་འཛུལ་བའི་འགྲོ་ལུགས་གཉེར་ཚར་ནས་གྲོང་ཁུལ་གྱི་མཛོད་ཁང་དུ་རླངས་འཁོར་ནང་དངོས་ཟོག་བླུགས་པར་སྐྱོད།

    ས་སྲོས་མཚམས་སུ་ཨ་སི་ཁར·ཐ་ཀྲ་པེ་ཁེ་ཧྥུའུ་ཡིས་བཟའ་བཅའ་བྱུར་བུར་བླུགས་པའི་རླངས་འཁོར་བཏང་ནས་རྒྱལ་ཁབ་ཟོག་འགྲེམས་ལྟེ་བའི་གྲུ་ཁ(ཨ་ལ་ཧྲན་རི་བོ)ཡི་མཉམ་འདྲེན་སྣ་མང་ལྟེ་གནས་སུ་འབྱོར།

    སྐར་མ་26ཡང་མ་སོང་བར་རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲོ་ལུགས་གཉེར་ཚར་བ་རེད། ཁོང་གིས་དགའ་བའི་གླུ་ཆུང་ལེན་བཞིན“ཧ་ཅང་སྟབས་བདེ་པོ་འདུག”ཅེས་བརྗོད།

    དངོས་ཟོག་དག་ཁོངས་གཏོགས་ཁུལ་ནས་འགག་སྒྲོལ་འགྲོ་ལུགས་གཉེར་རྗེས་བསྐྱར་དུ་ཞིབ་བཤེར་བྱེད་མི་དགོས་པར་གཱ་དྲད་ནས་རྒྱལ་མཚམས་སྒྲོལ་ཆོག ཨ་ལ་ཧྲན་རི་བོའི་འགག་སྒོའི་ཞིབ་བཤེར་ཁོའོ་གཉིས་པའི་ཁོའོ་ཀྲང་གཞོན་པ་ཧོང་ཅིང་གིས་འགག་སྒྲོལ་གྱི་ལས་ཕྱོད་ཆེ་རུ་ཕྱིན་པའི་དཔང་པོ་བྱས་ཡོད། “གཞུང་ལམ་ནས་རྒྱལ་མཚམས་སྒྲོལ་བའི་ཟོག་འདྲེན་རླངས་འཁོར‘མགྱོགས་ཤོས་ལ་ཉིན་དེ་གར་རྒྱལ་མཚམས་ནས་འཛུལ་བ་དང་རྒྱལ་མཚམས་ནས་སྒྲོལ་ཐུབ་ཀྱི་ཡོད’”

    2023ལོའི་ཟླ་11པར་ཝུའུ་ལུའུ་མུའུ་ཆི་འགག་སྒོ་ལས་ཁུངས་ཀྱིས་ཨ་ལ་ཧྲན་རི་བོའི་འགག་སྒོར“གཞུང་ལམ་འགག་སྒོ་+ཁོངས་གཏོགས་ཁུལ་ནས་ཐད་གཏོང”གི་འགག་སྒྲོལ་བྱེད་སྟངས་གསར་གཏོད་རྣམ་པའི་ཐོག་ནས་ལག་བསྟར་བྱས་ཡོད། ནང་འདྲེན་གྱི་འགག་སྒྲོལ་ལྷུ་ཚིགས་དེ་རྣམ་གྲངས་9ནས་རྣམ་གྲངས་4བར་ཉུང་དུ་བཏང་བ་དང་ཕྱིར་གཏོང་གི་འགག་སྒྲོལ་ལྷུ་ཚིགས་དེ་རྣམ་གྲངས་12ནས་རྣམ་གྲངས་4བར་ཉུང་དུ་བཏང་ཡོད། ཚོང་ཟོག་ལ་འགག་སྒོ་ལས་ཁུངས་ཀྱིས་ལྟ་འདོམས་བྱེད་པ་ནས་འགག་སྒྲོལ་འགྲོ་ལུགས་གཉེར་བའི་བར་འགག་སྒྲོལ་དུས་ཚོད་སྒྱུར་བཅོས་མ་བྱས་གོང་གི་ཆ་སྙོམས་ཆུ་ཚོད་34.5ནས་ཆུ་ཚོད་5ཙམ་བར་ཐུང་དུ་སོང་ཡོད།

    སྒྱུར་བཅོས་བྱེད་པར་མ་ལག་རང་བཞིན་དང་། ཕྱོགས་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལྡན་དགོས། རྒྱལ་ཁབ་ཟོག་འགྲེམས་ལྟེ་བའི་གྲུ་ཁ(ཨ་ལ་ཧྲན་རི་བོའི)མཉམ་འདྲེན་སྣ་མང་ལྟེ་གནས་བསྐྲུན་རྗེས་འགག་སྒོ་ལས་ཁུངས་ཀྱི“ཆུ་ཚོད་7×12”ཡི་ཁང་ནང་གི་ཞིབ་བཤེར་ལས་སྒྲུབ་མངོན་འགྱུར་བྱུང་བ་དང་སྡེ་ཚན་ཁག་གིས་གཞུང་ལམ་འགག་སྒོའི་དངོས་ཟོག་འགག་སྒྲོལ་ལ“གཅིག་འཐུས་རྣམ་པའི”ཞབས་ཞུ་མཁོ་འདོན་བྱེད་པར་མཐུན་སྦྱོར་བྱས་ཡོད། “ང་ཚོས་སྔ་སྣུར་དུ་ཡིག་ཐོག་སྙན་ཞུ་དང་གཅིག་སྡུད་ཞིབ་བཤེར་ལ་སྐུལ་འདེད་བཏང་ནས་ལེ་ལག་ཚང་བའི་གྲངས་གཞི་རང་འགུལ་ངང་ལེན་པ་དང་རྒྱལ་ཁབ་མང་པོའི་འཁོར་རྟགས་རིག་ནུས་དབྱེ་འབྱེད་སོགས་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ། འགྲོ་ལུགས་སྒྲུབ་རིང་གི་རྙོག་འཛིང་ཆེ་བའི་གནད་དོན་གཞི་རྩ་ནས་ཐག་གཅོད་བྱས་ཡོད”ཅེས་ཧོང་ཅིང་གིས་བརྗོད།

    འགག་སྒྲོལ་སྲིད་ཇུས་བཟང་པོའི་འོག་ཟོག་འདྲེན་རླངས་འཁོར་མང་པོས་དངོས་ཟོག་བྱུར་བུར་བླུགས་ནས་རྒྱལ་མཚམས་ནས་སྒྲོལ་ཞིང་། རྒྱལ་མཚམས་ནང་འཛུལ་བའི་ཟོག་འདྲེན་རླངས་འཁོར་མང་དུ་ཕྱིན་པ་དང་ཆབས་ཅིག ནང་འདྲེན་བདལ་གླ་ཆག་ནས་ནང་འདྲེན་འཕར་སྣོན་ལ་སྔར་བས་སྐུལ་ཁྲིད་ཐུབ་ཡོད། “གཞུང་ལམ་སྐྱེལ་འདྲེན་ནང་འདྲེན་གྱིས་ད་ཆ་ང་ཚོའི་ལས་འབོར་གྱི་བཅུ་ཆ་བཞི་ཙམ་ཟིན་གྱི་འདུག”ཅེས་ཨ་ལ་ཧྲན་རི་བོའི་ཅི་ཧྲུན་ཐུང་རྒྱལ་སྤྱིའི་ཟོག་འདྲེན་ལས་ཚབ་ཚད་ཡོད་ཀུང་སིའི་ལས་སྒོའི་ཅིང་ལི་ལུའུ་ཧྥུན་ཅེ་ཡིས་བརྗོད།

    སྒྱུར་བཅོས་ཀྱི་ཉམས་མྱོང་འདྲ་བཟོ་དང་ཁྱབ་གདལ་གཏོང་ཐུབ་པ་བྱས་ཤིང་། ད་ཆ་ཨ་ལ་ཧྲན་རི་ཁར“གཞུང་ལམ་འགག་སྒོ་+ཁོངས་གཏོགས་ཁུལ་ནས་ཐད་གཏོང”བྱེད་སྟངས་ཤིན་ཅང་གི་འགག་སྒོ་7དུ་སྤྱད་པ་བརྒྱུད། ཟོག་འདྲེན་རླངས་འཁོར་རྒྱལ་མཚམས་ནས་སྒྲོལ་བའི་དུས་ཚོད་ཐུང་དུ་ཕྱིན་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང། “འགག་སྒྲོལ་དང་། ཁྲལ་དོན། ཕྱི་དངུལ་སོགས་ལྟ་འདོམས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ལས་རྣམ་གསར་པ་དང་མ་དཔེ་གསར་པ་འཕེལ་རྒྱས་གཏོང་བར་ཕན་པའི་ལམ་ལུགས་ཁོར་ཡུག་སྐྲུན་དགོས”ཞེས་བཏོན་པ་དེས་ཝུའུ་ལུའུ་མུའུ་ཆི་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་ཧོ་ཝུའེ་མིང་གི་སྒྱུར་བཅོས་གསར་གཏོད་ཀྱི་གདེང་ཚོད་ཆེ་རུ་ཕྱིན་ཡོད། “ཆ་འཕྲིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་ནུས་པ་སྐྱེད་པ་དང་ལམ་ལུགས་གསར་གཏོད་བྱས་པ་བརྒྱུད། ང་ཚོས་འགག་སྒྲོལ་གྱི་ལས་ཕྱོད་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག པེ་ཏེ་ལི་འགག་སྒོར་འགག་སྒྲོལ་ཐུབ་པ་དང་ཧུང་ཆི་ལ་ཕུའུ་འགག་སྒོའི་སྒོ་མོ་ལོ་ལྟར་འབྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ལུགས”བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།