དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་རྒྱལ་ཡོངས་སུ་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་112.8གྲབས་གསོག་འཛུགས་སྐྲུན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-14

    གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུཌ་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། 2024ལོར། རྒྱལ་ཡོངས་སུ་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་170.4གྲབས་གསོག་འཛུགས་སྐྲུན་བྱེད་རྩིས་ཡོད་པ་རེད། ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་འགན་ལེན་རང་བཞིན་གྱི་སྡོད་ཁང་ཁྲི་112.8གྲབས་གསོག་འཛུགས་སྐྲུན་བྱས་པ་དེས་ལོ་འཁོར་གྱི་འཆར་གཞིའི་66.2%བཟུང་ནས་མ་དངུལ་སྒོར་དུང་ཕྱུར་1183བཏང་ཡོད་པ་རེད།

    ད་ལྟའི་སྡོད་ཁང་འགན་ལེན་མ་ལག་དེ་བགོ་སྒྲིག་བོགས་གཏོང་རྣམ་པ་དང་བགོས་འཚོང་རྣམ་པ་གཉིས་སུ་ཕྱེ་ཞིང་། བགོ་སྒྲིག་བོགས་གཏོང་རྣམ་པའི་ནང་སྤྱི་པའི་བོགས་གཏོང་སྡོད་ཁང་དང་། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཚུད་ཡོད་པ་དང་། བགོས་འཚོང་རྣམ་པའི་འགན་ལེན་རང་བཞིན་གྱི་སྡོད་ཁང་ནི་མ་ཉར་ཁེ་ཆུང་གི་རྩ་དོན་ལྟར་བགོས་འཚོང་བྱེད་ཀྱི་ཡོད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ས་གནས་ཁག་གིས་ཞིབ་ཕྲའི་རྣམ་གྲངས་དང་། ས་བཅག་གནས་ཡུལ། རྣམ་གྲངས་མ་དངུལ་བཅས་དོན་འཁྱོལ་ཡག་པོ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་རྣམ་གྲངས་མགྱོགས་མྱུར་ལས་འགོ་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།