དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རེས་སྐོར་གསར་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བའི་བྱ་སྤྱོད་སོགས་བྱ་སྤྱོད་གལ་ཆེན་བཞི་ལག་བསྟར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཀྲི་ཆང་།   |     སྤེལ་དུས།  2024-08-14

    ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི》(གཤམ་དུ《འཆར་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། རེས་སྐོར་གསར་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བའི་བྱ་སྤྱོད་སོགས་བྱ་སྤྱོད་གལ་ཆེན་4བཀོད་སྒྲིག་ལག་བསྟར་བྱས་ཤིང་། འབྲེལ་ཡོད་ལས་འགན་ཁག་དོན་འཁྱོལ་ཡག་པོ་ཇི་ལྟར་བྱེད་དགོས་པའི་ཐད་གསར་འགོད་པས་འབྲེལ་ཡོད་རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱས་པ་རེད།

    རེས་སྐོར་གསར་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བའི་བྱ་སྤྱོད་ལག་བསྟར་བྱེད་པ།

    《འཆར་གཞིའི》ནང་རེས་སྐོར་གསར་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བའི་བྱ་སྤྱོད་བཀོད་སྒྲིག་ལག་བསྟར་བྱས་པ་དང་ཐེམ་ཁོངས་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་སོགས་ལས་འགན་ཁག་6བཏོན་ཡོད།

    ཀྲེ་ཅང་སློབ་ཆེན་ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཞིབ་འཇུག་ཁང་གི་ཡོན་ཀྲང་དགེ་རྒན་ཆེ་མོ་བ་ཀྲང་ཝུའེ་ཝུན་གྱིས་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། གྲོང་ཁྱེར་དུ་སྐྱོད་མཁན་ཞིང་པ་ལས་མི་དང་དེའི་མཉམ་སྤོས་ནང་མི་གཙོ་བོར་བྱེད་པ་དང་སྦྲགས་གྲོང་ཁྱེར་དབར་གྱི་ཕྱོགས་མིར་ལྟ་རྟོག་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་དུ་སྤོ་འདོད་ཡོད་པ་དང་གྲོང་ཁྱེར་དུ་སྐྱོད་ཐུབ་པ་མ་ཟད། ད་དུང་གནས་ཐུབ་པ་དང་མཉམ་འདྲེས་ཐུབ་པར་བྱེད་དགོས་ཞེས་བརྗོད།

    གྲོང་ཁྱེར་སྲིད་གཞུང་གི་ངོས་ནས་བརྗོད་ན། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དགོས་ངེས་ཀྱི་མ་གནས་གཏོང་དགོས། ཀྲང་ཝུའེ་ཝུན་གྱིས་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་དང་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བའི་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཁྱོན་ཆེ་རུ་གཏོང་བ་དང་ཞིང་ལས་སྤོ་སྒྱུར་མི་འབོར་གཞིས་ཆགས་ཆོག་པའི་གྲངས་འབོར་གྱི་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་སྲིད་གཞུང་གི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

    མི་མངོན་པའི་སྟོབས་ཤུགས་ཆེ་བའི་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱེད་པ།

    《འཆར་གཞིའི》ནང་ཧོ་པེའི་དབུས་རྒྱུད་དང་ལྷོ་རྒྱུད་སོགས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་མི་མངོན་པའི་སྟོབས་ཤུགས་ཅུང་ཆེ་བའི་གཅིག་སྡུད་ཡུག་ཁུལ་གཙོ་གནད་དུ་བཟུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་དམའ་བ་མ་ཟད་མི་འབོར་གཞི་ཁྱོན་ཆེ་བའི་རྫོང(གྲོང་ཁྱེར་དང་ཆུས)གཞན་དག་ལ་ལྟ་རྟོག་བྱས་ཏེ། མི་མངོན་པའི་སྟོབས་ཤུགས་ཆེ་བའི་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་བཀོད་སྒྲིག་དང་ལག་བསྟར་བྱ་རྒྱུ་རེད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧོང་ཧན་ཆོན་གྱིས་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་མཐུན་སྦྱོར་སྐུལ་འདེད་བཏང་ཚེ། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། ནང་མཁོ་སྤྱི་འདོམས་ངང་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ལས་ཞུགས་འབབ་འཕར་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཧོང་ཧན་ཆོན་གྱིས《འཆར་གཞིའི》ནང་བཏོན་པའི་བྱེད་ཐབས་ལ་དམིགས་སའི་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན་ཆེན་པོ་ལྡན་ཡོད། “མི་མངོན་པའི་སྟོབས་ཤུགས་ཆེ་བའི་ས་ཁུལ་གྱི་མི་འབོར་གཞི་ཁྱོན་ཅུང་ཆེ་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་བལྟོས་བཅས་ཀྱིས་དམའ་ཙམ་ཡོད་པས་ཞིང་ལས་སྤོ་སྒྱུར་མི་འབོར་གྱི་འབྱུང་ཁུངས་གཙོ་བོ་རེད། དེ་དང་དུས་མཚུངས། ས་ཁུལ་དེ་དག་ལ་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ས་ཁོངས་ཀྱི་འགྲིམ་འགྲུལ་སྟབས་བདེ་བ། ཐོན་ལས་ཀྱི་འཕེལ་རྒྱས་རྨང་གཞི་ངེས་ཅན་ལྡན་པས་ཐོན་ལས་ཕྱོགས་སྒྱུར་དང་ལེན་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད”ཅེས་བརྗོད།

    “དེ་དང་དུས་མཚུངས། མི་མངོན་པའི་སྟོབས་ཤུགས་ཆེ་བའི་ས་ཁུལ་ཁག་གཅིག་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོར་གནས་པས་གཅིག་སྡུད་བཀོད་སྒྲིག་དང་། ཚོམ་བཅད་གསར་སྤེལ། ཚགས་དམ་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་དང‘ཁུལ་གསུམ་རྒྱུད་གསུམ’བརྟན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ས་ཞིང་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་ནས་རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་ཧོང་ཧན་ཆོན་གྱིས་བརྗོད།

    དེང་རབས་ཅན་གྱི་གྲོང་ཁྱེར་འཁོར་རྒྱའི་སྐྱེད་སྲིང་བྱ་སྤྱོད་ལག་བསྟར་བྱེད་པ།

    《འཆར་གཞིའི》ནང་དེང་རབས་ཅན་གྱི་གྲོང་ཁྱེར་འཁོར་རྒྱའི་སྐྱེད་སྲིང་བྱ་སྤྱོད་ལག་བསྟར་བྱེད་པ་དང་གྲོང་ཁྱེར་ཆེན་པོའི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བསྒྱུར་ནས། གྲོང་ཁྱེར་གཅིག་མཚུངས་ཅན་དུ་འགྱུར་ཚད་མཐོ་བའི་དེང་རབས་ཅན་གྱི་གྲོང་ཁྱེར་འཁོར་རྒྱ་ཁག་གཅིག་སྐྱེད་སྲིང་བྱས་ཏེ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་འཕེལ་རྒྱས་དང་ལེགས་བསྡུས་དམ་ཟབ་བཀོད་པར་ཁྲིད་སྟོན་བྱེད་དགོས་ལུགས་བཏོན་ཡོད།

    མིག་སྔར་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་དེ་གཞི་ཁྱོན་ཆེ་བའི་གྲངས་འབོར་མང་དུ་གཏོང་བའི་འཛུགས་སྐྲུན་ནས་གསོག་འབོར་དང་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་དང་འཕར་ཚད་གྲུབ་ཆ་ལེགས་སྒྲིག་གལ་ཆེ་མཉམ་དུ་འཛིན་པའི་བར་གྱུར་ཏེ། ཕྱི་སྐྱེད་རྣམ་པའི་འཕེལ་རྒྱས་ནས་ནང་རྒྱས་རྣམ་པའི་འཕེལ་རྒྱས་སུ་གྱུར་ཡོད། “གྲོང་ཁྱེར་གསར་སྒྱུར་དང་བདེ་འཇགས་ཀྱི་མཉེན་གཤིས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་ལེན་བསྟར་བ་དེས་གྲོང་ཁྱེར་གྱི་ཞབས་ཞུ་ལེགས་སུ་གཏོང་བ་དང་། ཁོར་ཡུག་ལེགས་སུ་གཏོང་བ། ནུས་པ་ཆ་ཚང་དུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་དང་གྲོང་ཁྱེར་གྱི་གྲོང་མི་འཚོ་བ་དེ་བས་སྟབས་བདེ་བ་དང་། དེ་བས་བློ་བདེ་བག་ཕེབས། དེ་བས་ལེགས་པ་བཅས་ཡོང་བར་ཕན་ཐོགས་ཡོད་པ་དང་། གྲོང་ཁྱེར་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བ་དང་གྲོང་ཁྱེར་འཁོར་སྐྱོད་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ལ་ཕན་ཐོགས་ཡོད་པ། ནུས་ལྡན་མ་འཇོག་རྒྱ་ཆེར་གཏོང་བ་དང་། ལས་ཞུགས་ཆུ་ཚད་མཐོ་རུ་གཏོང་བ། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕར་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུར་ཕན་ཐོགས་ཡོད”ཅེས་ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཁའེ་ཡིས་བརྗོད།

    གྲོང་ཁྱེར་འཕེལ་རྒྱས་ཁྲོད་ཀྱི་ཆེས་མངོན་གསལ་དོད་པའི་ཞན་ཆར་དམིགས་ནས《འཆར་གཞིའི》ནང་གྲོང་ཁྱེར་གསར་སྒྱུར་དང་བདེ་འཇགས་ཀྱི་མཉེན་གཤིས་ཆེ་རུ་གཏོང་བའི་བྱ་སྤྱོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། མི་འབོར་གཞི་ཁྱོན་ཆེ་བ་དང་འདུས་ཚད་མཐོ་བའི་ལྟེ་བའི་གྲོང་ཁུལ་དང་ཤུགས་རྐྱེན་ཐེབས་རྒྱ་ཆེ་བའི་འགག་རྩའི་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་གྱི་བདེ་འཇགས་མཉེན་གཤིས་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བ་དང་འབྲེལ། སླད་ཕྱིན་ལོ་ལྔའི་རིང་གི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆེས་ཁ་ཚ་དགོས་གཏུགས་དང་ཆེས་མངོན་གསལ་དོད་ཤོས་ཀྱི་ལས་འགན་ཁ་གསལ་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།