དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་གཉིས་པའི་དུས་མཇུག་ཏུ་ཀུན་ཕན་རྣམ་པའི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་17.1%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-14

    ཉེ་ཆར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དུས་ཚིགས་གཉིས་པའི་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་ལྟ་འདོམས་དམིགས་ཚད་གཙོ་བོའི་གྲངས་གཞིའི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། དུས་ཚིགས་གཉིས་པའི་དུས་མཇུག་ཏུ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་ལ་སྤྱོད་པའི་དངུལ་བུན(ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་དངུལ་བུན། ཕྲན་ཚེགས་ཁེ་ལས་པའི་དངུལ་བུན་བཅས་ཚུད་པ)ལྷག་གྲངས་སྒོར་དུང་ཕྱུར་ཁྲི་78ཟིན་པ་དང་། དེའི་ནང་ཁེར་རྐྱང་ཚོང་དུད་ཀྱི་ཡིད་རྟོན་དངུལ་གྲངས་བསྡོམས་འབོར་སྒོར་ཁྲི་1000དང་དེ་མན་གྱི་ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་32ཟིན་པ་དེ་དུས་མཚུངས་ལས་17.1%འཕར་ཡོད་པ་རེད།

    ཚོང་ལས་དངུལ་ཁང་གི་ཡིད་རྟོན་དངུལ་བུན་རྒྱུ་ནོར་གྱི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཞིང་། དུས་ཚིགས་གཉིས་པའི་དུས་མཇུག་ཏུ་ཚོང་ལས་དངུལ་ཁང་གི་ཉེན་གནས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་3.3ཟིན་པ་དེ་དུས་ཚིགས་གོང་མའི་དུས་མཇུག་ལས་སྒོར་དུང་ཕྱུར་272ཉུང་དུ་ཕྱིན་ཡོད། ཚོང་ལས་དངུལ་ཁང་གི་ཉེན་གནས་དངུལ་བུན་གཏོང་ཚད་1.56%ཟིན་པ་དེ་དུས་ཚིགས་གོང་མའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.03ཆག་ཡོད་པ་རེད།

    འགན་བཅོལ་ལས་རིགས་ཐད། ལོ་སྟོད་དུ་འགན་བཅོལ་ཀུང་སིའི་དེ་སྔའི་འགན་བཅོལ་ཞུ་གྲོན་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.55ཟིན་པ་དེ་དུས་མཚུངས་ལས་4.9%འཕར་བ་དང་། སྐྱིན་དངུལ་དང་གཏོང་སྤྲོད་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་1.23ཟིན་པ་དེ་དུས་མཚུངས་ལས་33.1%འཕར་ཡོད། འགན་འཛིན་ཁ་གྲངས་དུང་ཕྱུར་472མང་དུ་ཕྱིན་པ་དེ་དུས་མཚུངས་ལས་40%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།