“མཚོ་འཕྱིངས་རྟགས་ཅན་དང་པོ”ཡིས“ཀླུ་མོ་རྟགས་ཅན”དང་མཉམ་དུ་ཞི་བདེ་རྒྱ་མཚོ་ནུབ་མའི་མཚོ་ཁོངས་སུ་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པ།
འདི་ནི་ཟླ་8ཚེས་11ཉིན་ཆིང་ཏའོ་ཏ་ཀང་གྲུ་ཁར“མཚོ་འཕྱིངས་རྟགས་ཅན་དང་པོ”སྟེ་རྒྱང་སྐྱོད་ཚན་ཞིབ་གྲུ་གཟིངས་རྒྱལ་མཚམས་ནས་སྒྲོལ་རྩིས་བྱེད་བཞིན་པ།
འདི་ནི་ཟླ་8ཚེས་11ཉིན་ཚན་ཞིབ་རུ་མིས“ཀླུ་མོ་རྟགས་ཅན”གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་ཀྱི་གློག་སྒྲོན་ལ་ཞིབ་བཤེར་བྱེད་བཞིན་པ།
ཟླ་8ཚེས་11ཉིན། ཆིང་ཏའོ་ཏ་ཀང་འགག་སྒོ་ལས་ཁུངས་སུ་རྒྱལ་མཚམས་འཛུལ་སྒྲོལ་གྲུ་གཟིངས་ལ་ལྟ་སྐུལ་དོ་དམ་གྱི་འགྲོ་ལུགས་གཉེར་རྗེས། “ཀླུ་མོ་རྟགས་ཅན”གྱི་མི་བཞུགས་ཆུར་འཛུལ་ཡོ་བྱད་འཁྱེར་བའི“མཚོ་འཕྱིངས་རྟགས་ཅན་དང་པོ”སྟེ་རྒྱང་སྐྱོད་ཚན་ཞིབ་གྲུ་གཟིངས་ཀྱི་གྲུ་ཐག་བཀྲོལ་ཏེ་ཞི་བདེ་རྒྱ་མཚོ་ནུབ་མའི་མཚོ་ཁོངས་སུ་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་འགོ་ཚུགས་པ་རེད།