རྨ་ཆུའི་ཆུ་འགོའི་ཕྲུ་གུ་ཚོའི་སྤྲོ་སྣང་ལྡན་པའི་དབྱར་གསེང་།
འདི་ནི་སྐར་མ་ལྷ་མོ(གཡས་ཀྱི་དང་པོ)དང་རོགས་པ་ཚོ་རྩེད་མོ་རྩེ་བཞིན་པ།
འདི་ནི་སྐར་མ་ལྷ་མོས(གཡོན)གཅུང་མོ་སྒྲོལ་མ་གཡང་དཀར་ལ་ཡི་གེ་སློབ་བཞིན་པ།
ལོ་10ལ་སླེབས་པའི་སྐར་མ་ལྷ་མོ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་རྒྱུ་སྨད་གྲོང་རྡལ་ཞག་སྡོད་ལམ་ལུགས་སློབ་ཆུང་གི་སློབ་མ་ཞིག་རེད། དབྱར་གསེང་རིང་། སྐར་མ་ལྷ་མོ་དང་རོགས་པ་ཚོ་རྒྱུ་སྨད་གྲོང་རྡལ་ཕུ་མང་གྲོང་ཚོའི་རྨ་ཆུའི་འགྲམ་གྱི་དབྱར་དུས་མཚེར་སར་ལོག་ནས་སྦྲ་གུར་ནང་སྡོད་པ་དང་། ནང་མིར་ཕྱུགས་འཚོ་རོགས་བྱེད་པ། ཁོམ་པ་ཡོད་དུས་གབ་རེས་ཡིབ་རེས་དང་རྩེད་མོ་རྩེད་ནས་སྤྲོ་སྣང་ལྡན་པའི་དབྱར་གསེང་ལ་རོལ་ཡོད།