དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་མགྱོགས་མྱུར་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས“མཚོ་སྔོན་ལ་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”བཅས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན། སྤྱི་ཚོགས་རོགས་སྐྱོབ་འགན་ལེན་མ་དངུལ་སྒོར་དུང་ཕྱུར་12.67བཏང་བ་དང་རོགས་སྐྱོབ་བྱ་ཡུལ་མི་ཐེངས་ཁྲི་63.69ལ་འགན་ལེན་བྱས་པའི་ནང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྲི་36.03དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ཁྲི་1.81 མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཁྲི་19.59 དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མི་ཁྲི་1.91བཅས་ལ་འགན་ལེན་བྱས་པ་དང་མི་ཐེངས་ཁྲི་4.35ལ་གནས་སྐབས་རོགས་སྐྱོབ་བྱས་ཡོད།

    འདི་ལོ་ནས་བཟུང་། ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་སྲིད་གཞུང་ལ《ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་ཚུལ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ཏེ་སྣ་མང་གི“རོགས་སྐྱོབ་ཆེན་པོའི”རྣམ་པ་གཏོད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》འདོན་རྒྱུ་སྙན་འབུལ་དགོངས་སྐོར་ཞུས་པ་དང་། “1+5+N”ཡི་སྤྱི་ཚོགས་རོགས་སྐྱོབ་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་དམངས་འཚོའི་ཐ་སྐྱོང་འགན་སྲུང་བདེ་འཇགས་དྲ་བ་སྔར་བས་དམ་ཟབ་དང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་དེ“འཚོ་གནས་འགན་ལེན”ནས“ཉེན་ཁ་འགོག་ཟོན”དང“འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཕྱོགས་སུ་སྐུལ་འདེད་བཏང་ཡོད།

    མཚོ་སྔོན་དམངས་སྲིད་སྡེ་ཚན་གྱིས་དངུལ་ཁང་9དང་སྲིད་གཞུང་སྡེ་ཚན་16གི་གྲངས་གཞིའི་ཆ་འཕྲིན་ཁག་30བསྡུར་བ་དང་བརྗེ་རེས་བྱས་ཏེ་སྡོད་ཁང་དང་། སྨན་བཅོས། སློབ་གསོ་སོགས་སྡེ་ཚན་དང་རྩ་འཛུགས་ལ་ཞིབ་བསྡུར་ཞབས་ཞུ་མཁོ་འདོན་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིབ་བསྡུར་ཆ་འཕྲིན་དེ“དྲ་གཅིག་འདྲི་རྩད”མངོན་འགྱུར་བྱུང་ནས་རོགས་སྐྱོབ་བྱ་ཡུལ་གཏན་འཁེལ་སྔར་བས་གནད་སྨིན་བྱུང་ཡོད། རོགས་སྐྱོབ་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཡོང་འབབ་དམའ་བའི་མི་འབོར་ཁྲི་86.1སྔོན་ཚུད་ཉེན་བརྡའི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ནང་བཅུག་པ་དང་། རང་འགུལ་ངང་ཤེས་རྟོགས་དང་། བསྟུན་སྟབས་དོ་དམ། སྲིད་ཇུས་དོན་འཁྱོལ་སོགས་རིགས་གསུམ་གྱི་ཁག་མི་འདྲ་བ་36ལས་གྲུབ་པའི་སྔོན་ཚུད་ཉེན་བརྡའི་དམིགས་ཚད་མ་ལག་བཟོས་པའི་རྨང་གཞིའི་ཐོག་བདེ་འཇགས་སྡོད་ཁང་དང་། བདེ་འཇགས་འཐུང་ཆུ། ངལ་རྩོལ་ནུས་ཤུགས་དཀོན་པ་སོགས་ཀྱི་ཉེན་ཟོན་ནང་དོན་11མང་དུ་བཏང་སྟེ་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡ་གཏོང་ཐུབ། འདི་ལོ་ནས་བཟུང་ཞིང་ཆེན་དམངས་སྲིད་ཐིང་གིས་རིམ་རྩིས་བརྒྱབ་ན་རོགས་སྐྱོབ་བྱ་ཡུལ་ཁྲི་2.4མང་དུ་བཏང་བ་དང་མི་ཁྲི་1.96རོགས་སྐྱོབ་ཁྱབ་ཁོངས་ནས་དོན་ཡོད། དེ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྲི་5.34ནས་མི་ཁྲི་3.59དམངས་སྲིད་རོགས་སྐྱོབ་འགན་ལེན་ཁྱབ་ཁོངས་ནང་བཅུག་པ་དེས་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་མི་འབོར་གྱི་67.31%ཟིན་ཡོད།

    མིག་སྔར། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུས་90%ཡན་གྱི་མ་མཐའི་འགན་བཅོལ་ཞིབ་བཤེར་གཏན་འཁེལ་གྱི་དབང་ཆ་ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ་གཤམ་སྤྲོད་བྱས་པ་དང་མ་མཐའི་འགན་བཅོལ་གཉེར་བའི་དུས་ཚོད་ལས་ཀའི་ཉིན་མོ་20བར་ཐུང་དུ་བཏང་བ་དང་། གནས་སྐབས་རོགས་སྐྱོབ་ཀྱི་ཛ་དྲག་གནས་ཚུལ་དང་གྲངས་འབོར་དགོས་མཁོར་གཞིགས་ནས་རིམ་པ་དབྱེ་ནས་ཞིབ་མཆན་བཀོད་དེ་གནས་སྐབས་དཀའ་ངལ་འཕྲད་པའི་མང་ཚོགས་ཀྱི“ཛ་དྲག་གནད་དོན་འཕྲལ་མར་སྒྲུབ་པ་དང་དམིགས་བསལ་གནད་དོན་དམིགས་བསལ་སྒྲུབ་པའི”འགན་ལེན་བྱས་ཡོད། སྤྱི་ཚོགས་རོགས་སྐྱོབ“ལག་ཐོག་ནས་སྒྲུབ་པ”དང“དྲ་ཐོག་ནས་སྒྲུབ་པ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་དྲ་ཐོག་ནས་ཁྱད་པར་མེད་པར་བདག་སྤྲོད་དང་། ཚད་གཞི་གཅིག་མཚུངས་སུ་སྒྲུབ་པ། རེ་ཞུ་ཞིབ་དཔྱད་གཏན་འཁེལ་གྱི་དུས་ཚོད་ཐུང་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།