དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་གཙོ་གནད་སྒྱུར་བཅོས་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་བས། རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་2023ལོའི་ལོ་འཁོར་གྱི་རྫོང་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པར་དཔྱད་དཔོག་བྱས་ཚུལ་བརྡ་ཁྱབ་བཏང་བའི་ནང་ཞིང་ཆེན་ཡོངས་ཀྱི་སྨན་ཁང་34གཞི་རྩའི་ཚད་གཞིར་སླེབས་པ་དེས་བསྡུར་ཚད་ཀྱི་80.95%ཟིན་པ་དེ་2022ལོ་ལས་བརྒྱ་ཆའི་གྲངས་46.17མཐོ་རུ་ཕྱིན་པ་དང་བསྡུར་ཚད་མཐོ་རུ་འགྲོ་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཞིང་ཆེན་ཡོངས་ཀྱིས་དམ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གཅིག་མཐུན་ཚོགས་པ་འཛུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་བཀྲམ་ནས་ནད་ཐོག་སྨན་བཅོས་ཆེད་ཚན་80དང“ལྟེ་གནས་ཆེན་པོ་ལྔ”69བསྐྲུན་ཡོད། སྒྱུར་བཅོས་ཟབ་གཏོང་བྱས་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལས་དོན་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་། སློབ་གྲྭ་ཆེ་མོ་བས་གྲོང་གསེབ་ཀྱི་སྨན་པ་བྱེད་པའི་ཆེད་དོན་འཆར་གཞིར་ཡོངས་བསྒྲགས་ངང་སྨན་པ་492བསྡུས་ནས། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་ཚད་ལྡན་དང་བྱས་འབྲས་དཔྱད་ཞིབ་ལས་དོན་གྱི་ཇུས་གཞི་བཟོས་ཡོད། རྫོང་སྨན་ཁང་གི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཁར་སྨན་བཅོས་ཁ་གཏད་རོགས་སྐྱོར་གྱི་ལོ་ལྔའི་འཕེལ་རྒྱས་འཆར་འགོད་བཟོས་པ་དང་། ཀྲུང་དབྱང་རྩ་འཛུགས་པུའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་། མཚོ་སྔོན་ལྷོ་ཕྱོགས་ཀྱི་མཚོ་སྐོར་སྨན་བཅོས་རོགས་སྐྱོར་ལག་བསྟར་བྱས་ནས། ལག་རྩལ་གསར་པའི་རྣམ་གྲངས་537སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།