དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་བཟོ་ལས་ཐོན་རྫས་ཕྱིར་གཏོང་བྱེད་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཟོག་གོང་རིན་ཐང་ཨ་སྒོར་44000(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་31.33ཙམ་ཡིན་པ)ཟིན་པའི་མཚོ་སྔོན་མཚོ་བྱང་ཀྲོའུ་ཡི་ས་གནས་དེ་གའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་མདོག་ལྡན་ལྕགས་རིགས་ཐོན་རྫས་ཏུན་20ཐེན་ཅིན་གྲུ་ཁ་གསར་པ་ནས་ཐོན་ཏེ་ཧིན་རྡུ་ཉི་ཞི་ཡར་དབོར་བ་རེད།

    མདོག་ལྡན་ལྕགས་རིགས་ཐོན་རྫས་དེ་དག་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དུས་རབས་ཨའོ་ཁའེ་གཏེར་ཁ་བཅོས་སྐྱོང་འཕེལ་རྒྱས་ཚད་ཡོད་ཀུང་སིས(མཚོ་སྔོན)ཀུང་སིའི་འཕེལ་རྒྱས་ཁ་ཕྱོགས་སྒྱུར་བ་དང་ཕྱིར་ཚོང་ཁྲོམ་ར་རྒྱ་ཆེར་གཏོང་བའི་ཕྱིར་གཏོང་ཐོན་རྫས(ཚོད་ལྟའི་ཐོན་རྫས)ཤིག་ཡིན་པ་དེས་མཚོ་བྱང་ཀྲོའུ་ཡི་བཟོ་ལས་ཐོན་རྫས་ཕྱིར་གཏོང་བྱེད་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།