དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ཨ་མདོ་རྫོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ཡོངས་བསྒྲགས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-14

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ཡོངས་བསྒྲགས་དང་དུད་ཚང་གི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་རེད། ཨ་མདོ་རྫོང་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིས་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི་ལེགས་ཆ་གང་ལེགས་བཏོན་ཏེ་ཐོབ་ཐང་ཡོངས་བསྒྲགས་དང་། འགན་འཁྲི་མངོན་པ། དམངས་ཀྱི་བསམ་འཆར་ཉན་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཧུར་ཐག་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་། ངས་མི་དམངས་ཀྱི་ཆེད་དུ་འཐུས་མི་བྱེད་པའི”རྔམ་བརྗིད་ལྡན་པའི་ཁས་ལེན་དམ་བཅའ་ལག་ལེན་བསྟར་བ་རེད།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ཡོངས་བསྒྲགས་དང་དུད་ཚང་གི་སྒོ་བྱང་འགེལ་བའི་བྱེད་སྒོ་སྤེལ་བ་ནི་ཨ་མདོ་རྫོང་གིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་འཐུས་མིའི་འགན་སྒྲུབ་ཀྱི་སྤྲོ་སེམས་འཕེལ་བ་དང་། འཐུས་མིའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། འཐུས་མིའི་འགན་སྒྲུབ་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ཡོངས་བསྒྲགས་བཅས་བྱས་པ་བརྒྱུད་རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཨ་མདོའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དཔུང་ཁག་གི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།