དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་གྱི་སྟོབས་ཤུགས་བཏོན་པ།

    མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་མུ་མཐུད་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-14

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། “མི་རིགས་མཐུན་སྒྲིལ+”ལས་ཀའི་བྱེད་ཐབས་ལག་བསྟར་ཤུགས་ཆེན་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་ཁྱབ་ཁོངས་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད།

    མངའ་རིས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་མཐའ་འཁྱོངས་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང“མངའ་རིས་འཆད་སྟེགས་ཆེན་པོའི”མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་སྤེལ་བ་དང་། སློབ་གསོའི་བྱེད་སྒོའི་གཞི་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་བྱས་རྗེས་དང་མི་སེམས་འགུལ་བའི་གཏམ་རྒྱུད་འཚོལ་ཞིབ་དང་ལེགས་སྒྲིག་བྱེད་པ། གསར་བརྗེའི་སློབ་གསོ་སྤེལ་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།

    དེ་དང་ཆབས་ཅིག་མངའ་རིས་ས་ཁུལ་གྱི་རིམ་ཁག་གྲོང་སྡོད་གཞུང་ལས་ཁང་དང་གྲོང་སྡོད་ལས་དོན་རུ་ཁག་གིས་མི་རིགས་མཐུན་སྒྲིལ་ཤུགས་སྣོན་ལ་སྐུལ་འདེད་གཏོང་མཁན་གྱི་ནུས་པ་གང་ལེགས་འདོན་པ་དང་། ཐབས་མང་མཉམ་སྤྱོད། ཞིང་འབྲོག་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་སྟོབས་ཤུགས་གཅིག་སྒྲིལ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཅིག་སྡུད་སྒྲོག་འགྲེལ་དང་ཆེད་དོན་འཆད་ཁྲིད་ཐེངས་612བྱས་པ་དང་། བཅའ་སྡོད་ཚན་པས་ཏང་ཡོན་ལས་བྱེད་པ་544སྒྲིག་འཛུགས་བྱས་ནས་གྲོང་སྡོད་ས་ཚིགས་སུ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི་བྱེད་སྒོ་ཐེངས་500ལྷག་ཙམ་སྤེལ་བ། དཀའ་ངལ་དངོས་2800ལྷག་ཙམ་ཐག་གཅོད་བྱས་པ། ལོ་ལྟར་གྲོང་ཚོ་རེར་རིག་རྩལ་འཁྲབ་སྟོན་རུ་ཁག་གི་གྲོན་དངུལ་སྒོར་ཁྲི་2ཐག་གཅོད་བྱས་པ་བཅས་དུས་ཆེན་ཆེ་གྲས་ཀྱི་སྐབས་སུ་རྣམ་པ་སྣ་མང་དང་སློབ་གསོའི་དོན་སྙིང་ལྡན་པའི་རིག་གནས་དང་རིག་རྩལ་བྱེད་སྒོ་ཐེངས་668སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།