ལོ་སྟོད་དུ་རང་ལྗོངས་སུ་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་37ལས་བརྒལ་བ།
ཉེ་ཆར། གསར་འགོད་པས་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། 2024ལོ་ཚུན་དུ། རང་ལྗོངས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་ར་སྟོན་ཕྱོགས་སུ་བྱེད་པ་དང་ཚན་རྩལ་འདེགས་སྐྱོར་དུ་བྱས་ཏེ། དྲོད་ཁང་ཆེ་མོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། དྲོད་ཁང་ཆེ་མོའི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་འདེབས་འཛུགས་སྣ་ཁ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། འདི་ལོའི་ལོ་སྟོད་དུ། ལྗོངས་ཡོངས་སུ་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་37.72ཟིན་པ་དང་སྔོ་ཚལ་ཐོན་འབབ་ཏུན་ཁྲི་24.95ཟིན་གྱི་ཡོད་པ་རེད།