དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དཀར་མཛེས་གསེར་རྟ་རྫོང་དུ་ཁང་པ་གསར་པ་སྤྲད་ནས“འབྲོག་པ”“གྲོང་མིར”གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-13

    འདི་ནི་གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་ཞོར་རོགས་གྲོང་ཚོ་གསར་པའི་རྣམ་པ་ཡིན་པ།

    འདི་ནི་ཟླ་8ཚེས་10ཉིན་གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་ཞོར་རོགས་གྲོང་ཚོ་གསར་པར་ཁང་པ་རྩིས་སྤྲོད་མཛད་སྒོ་འཚོགས་བཞིན་པ།

    ཟླ་8ཚེས་10ཉིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་ཞོར་རོགས་གྲོང་གསར་དུ་སྡོད་ཁང་རྩིས་སྤྲོད་མཛད་སྒོ་འཚོགས་ནས་འབྲོག་པ་དུད་ཚང་240གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་གྱུར་པ་རེད། དེ་སྔའི་ཞོར་རོགས་གྲོང་ཚོ་ནི་དུས་ཡུལ་རིང་བོ་འདས་པས། རྙིང་བ་གོག་པ། ཉམས་ཞན་བཅས་ཀྱི་གནས་སུ་གྱར་བ་རེད། ས་གནས་དེ་གའི་སྲིད་གཞུང་གིས་2022ལོར་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ་མ་དངུལ་བསྡུ་སྒྲིལ་བྱས་ནས་གསེར་རྟ་རྫོང་གི་གྲོང་འདབས་སུ་སྡོད་ཁང་ཆ་ཚང་240བསྐྲུན་པ་མ་ཟད། གྲོང་ཚོ་གསར་པའི་སྒྲིག་བཀོད་སྒྱུར་བཀོད་དང་རིམ་སྤོར་གྱི་རྨང་གཞིའི་ཐོག་དམངས་སྲོལ་གནས་ཚང་ཐོན་ལས་དང་མངོན་མིན་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་བསྐྲུན་ནས་རྫོང་ཡོངས་ཀྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་གྲོང་གསེབ་དར་རྒྱས་ཀྱི་ཁྱད་ལྡན་དཔེ་སྟོན་གྲོང་ཚོ་གསར་པར་འགྱུར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།