དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གོར་མོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་ཤུགས་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། 2024ལོའི་ཀྲུང་གོའི་ཚྭ་མཚོ་གྲོང་ཁུ་ནུའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ནང་གསེས་ཏེ། ཁུ་ནུའི་རིག་གནས་དབྱིངས་ཞུགས་ཉམས་ལེན་ཡུལ་སྐོར་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཁུ་ནུ་གནས་མཆོག་མཚན་གྲོང་དུ་འགོ་ཚུགས་ནས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཡུལ་སྐོར་པར་ལེན་དང་སྤྲོ་གསེང་རོལ་རྩེད་ལ་ཡོང་རྒྱུའི་ཡིད་དབང་འཕྲོག་ཡོད། 2024ལོར། གོར་མོ་གྲོང་ཁྱེར་གྱིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་གཏོད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཡུལ་སྐོར་སྤུས་ཚད་དང་ཡུལ་སྐོར་ལས་རྣམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས་རིག་གནས་ཡུལ་སྐོར་ཁྲོམ་རར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་བྱུང་ཡོད། ཟླ་7པའི་ཟླ་མཇུག་བར། གོར་མོ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་347.09ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་14.08%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་19.85ཟིན་པ་དུས་མཚུངས་ལས་14.61%འཕར་བ་རེད།

    འདི་ལོའི་ཚུན། གོར་མོ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། རིག་གནས་ལུས་རྩལ་ཡུལ་སྐོར་གསུམ་མཉམ་འདྲེས་གཏིང་ཟབ་བྱེད་པ་སོགས་ཀྱི་ཐད་ཤུགས་རྒྱུན་མཐུད་བརྒྱབ་པས་རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་རྒྱུན་མཐུད་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་གོར་མོ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་16སྒྲིག་འཛུགས་ལག་བསྟར་བྱས་པ་དང་། དེའི་ནང་མཐུད་སྐྲུན་རྣམ་གྲངས་ཁག་11དང་གསར་སྐྲུན་རྣམ་གྲངས་ཁག་5ཡོད། མིག་སྔའི་བར། གཏན་འཇཌ་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི་1700དང་རིག་གནས་ཡུལ་སྐོར་ལ་མ་དངུལ་སྒོར་ཁྲི་8000བཏང་ཡོད། ཡུལ་སྐོར་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ། ཞབས་ཞུའི་སྒྲིག་བཀོད་ལེ་ལག་ཚང་བ་དང་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་ཡུལ་སྐོར་བར་བདེ་འཇཌ་དང་། ཤེས་དཔལ། སྐྱིད་སྣང་། སྟབས་བདེ་བཅས་ལྡན་པའི་ཡུལ་སྐོར་ཆ་རྐྱེན་མུ་མཐུད་བསྐྲུན་པས་གྲོང་ཁུལ་གྱི་ཡུལ་སྐོར་བ་མང་བའི་མཛེས་ལྗོངས་ཁུལ་ཏེ། ཚྭ་མཚོ་དཀར་མོ་དང་། ཁུ་ནུའི་རིག་གནས་ཡུལ་སྐོར་ཁུལ། གསེར་ཉ་མཚོ། དམག་དཔོན་ཐོག་ཁང་གི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། ལིའུ་ཙི་མཚོའི་སྐྱེ་ཁམས་རིག་གནས་སློབ་གསོའི་རྟེན་གཞི་སོགས་སུ་ཡུལ་སྐོར་བ་མང་དུ་མུ་མཐུད་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།