ཀྲུང་གོ(ཉིང་ཞ)རྒྱལ་སྤྱིའི་རྒུན་ཆང་རིག་གནས་ཡུལ་སྐོར་འགྲེམས་ཚོགས་སྐབས་བཞི་པ་འགོ་ཚུགས་པ།
ཟླ་8ཚེས་9ཉིན“ཀྲུང་གོའི་རྒུན་ཆང·འཛམ་གླིང་མཛེས་པའི་རྒྱན-ཡུལ་མཆོག་ནས་ཨ་རག་ཡག་པོ་བྱུང་བ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ(ཉིང་ཞ)རྒྱལ་སྤྱིའི་རྒུན་ཆང་རིག་གནས་ཡུལ་སྐོར་འགྲེམས་ཚོགས་སྐབས་བཞི་པ་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲེམས་ཚོགས་དུས་ཡུན་ཉིན་3ཡིན་ཞིང་། དེའི་རིང་འགོ་ཚུགས་མཛད་སྒོ་དང་། ཧོ་ལན་ཧྲན་ཤར་རྒྱུད་ཀྱི་རྒྱལ་སྤྱིའི་རྒུན་ཆང་ཉོ་ཚོང་འདུ་ཚོགས། ཧོ་ལན་ཧྲན་རྒུན་ཆང་གི་དགའ་ནེའུ་དུས་ཆེན། རྒྱལ་སྤྱིའི་རྒུན་ཆང་འགྲན་བསྡུར་ཆེ་མོ་སོགས་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རྒུན་ཆང་དང་། རྒུན་ཆང་གི་མཆེད་རྫས། ཆང་སྙོལ་རྫས་ཆ། ཐུམ་སྒྲིལ། འཕྲུལ་འཁོར་སྒྲིག་ཆས་སོགས་ཀྱི་ཚོང་པ་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།
འདི་ནི་འགྲེམས་ཚོགས་རིང་ཧོ་ལན་ཧྲན་ཤར་རྒྱུད་ཀྱི་རྒྱལ་སྤྱིའི་རྒུན་ཆང་ཉོ་ཚོང་བྱ་ཡུལ་ཡིན་པ།