དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་འགྲེམས་སྟོན་ནེའུ་ཙི་ལན་དུ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-13

    ཤིན་ཧྭ་གསར་འགྱུར་ཁང་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཨའོ་ཁེ་ལན་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་འགྲེམས་སྟོན་དང“དོམ་ཁྲར་བྱིའུ་ཅི་ཝུའེ་འཕྲད་པ”ཅེས་པའི་ཀྲུང་གོ་དང་ནེའུ་ཙི་ལན་གྱི་རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་སྒྱུ་རྩལ་འགྲེམས་སྟོན་ཉེ་ཆར་ནེའུ་ཙི་ལན་གྱི་ཧོའེ་ཕཱ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།

    འགྲེམས་སྟོན་དེ་ཀྲུང་གོ་རྒྱལ་སྤྱིའི་དཔེ་དེབ་ཚོང་དོན་ཚོགས་པ་ཚད་ཡོད་ཀུང་སིས་ནེའུ་ཙི་ལན་རིག་གནས་སྒྱུ་རྩལ་ཐེབས་རྩ་ལྷན་ཚོགས་དང་ནེའུ་ཙི་ལན་ཕུའུ་ལའེ་མུའུ་སྨྱན་སྦྱོར་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་པ་དང་། ཀྲུང་གོ་རྒྱལ་སྤྱིའི་དཔེ་དེབ་ཚོགས་པས་མཁོ་འདོན་བྱས་པའི་དཔེ་དེབ་2000ལྷག་ཙམ་དང་དེ་བཞིན་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གིས་བྲིས་པའི་རི་མོའི་བརྩམས་ཆོས་235འགྲེམས་སྟོན་བྱས་པ་རེད།

    ས་གནས་དེ་གའི་གྲོང་མི་ཀྲན་མུའུ་སི་ཡིས་ཀྲུང་གོ་ནི་ནེའུ་ཙི་ལན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་དང་ནེའུ་ཙི་ལན་བ་མང་པོ་ཞིག་གིས་ཀྲུང་གོ་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱེད་འདོད་བྱེད་ཀྱི་ཡོད། རྒྱལ་ཁབ་ཅིག་དང་རྒྱལ་ཁབ་དེའི་རིག་གནས་ལ་རྒྱུས་ལོན་བྱེད་དགོས་ན། དཔེ་དེབ་དང་རི་མོ་ནི་ཐབས་ལམ་ཡག་ཤོས་ཤིག་རེད། ད་ཐེངས་འགྲེམས་སྟོན་ནང་གི་དཔེ་དེབ་དང“དོམ་ཁྲར་བྱིའུ་ཅི་ཝུའེ་འཕྲད་པ”ཅེས་པའི་བརྗོད་དོན་གཙོ་བོའི་རི་མོའི་བརྩམས་ཆོས་ལས་ཚང་མར་བག་ཆགས་ཟབ་མོ་བྱུང་ཡོད་ཅེས་བཤད།

    འགྲེམས་སྟོན་དེ་ཟླ་8ཚེས་12ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་རེད། དེ་རྗེས་འགྲེམས་སྟོན་ནང་ཞུགས་པའི་དཔེ་དེབ་ས་གནས་དེ་གའི་དཔེ་མཛོད་ཁང་དང་སློབ་གྲྭར་ཞལ་འདེབས་རྒྱག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།