ལོ་སི་སྲིད་གཞུང་དང་ཀྲུང་གོའི་ཁེ་ལས་དབར་ནུས་རྒྱུ་གཙང་མའི་རྟེན་གཞིའི་རྣམ་གྲངས་གསར་སྤེལ་གྱི་གྲོས་མཐུན་བཞག་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ལོ་སིའི་སྲིད་གཞུང་དང་ཀྲུང་གོ་ཀོང་ཧོ་ཉིང་རྡུལ་ནུས་རྒྱུ་ཚན་རྩལ(ལོ་སི)ཚད་ཡོད་ཀུང་སིས་ཝན་ཐེན་དུ་ལོ་སིའི་བྱང་རྒྱུད་ཀྱི་ཕན་ཚུན་སྦྲེལ་མཐུད་ནུས་རྒྱུ་གཙང་མའི་རྟེན་གཞིའི་དུས་ཐེངས་གཉིས་པའི་རླུང་གློག་རྣམ་གྲངས་ཀྱི་འོད་ཤུགས་པང་ལེབ་གསར་སྤེལ་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
ལོ་སིའི་བྱང་རྒྱུད་ཀྱི་ཕན་ཚུན་སྦྲེལ་མཐུད་ནུས་རྒྱུ་གཙང་མའི་རྟེན་གཞིའི་རྣམ་གྲངས་དེ་ལོ་སིའི་ཝུའུ་ཏུའོ་མུའུ་སའེ་དང་། ཧྥུང་ཧྲ་ལི། ལང་ནན་ཐཱ་བཅས་ཞིང་ཆེན་གསུམ་འཕྲེད་བརྒལ་བྱས་ནས་རླུང་གློག་ཆུ་བཅས་གསོག་འཇོག་སོགས་གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་རྒྱུ་ཡིན་པ་རེད། གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས་དུས་ཐེངས་དང་པོའི་ཝུའུ་ཏུའོ་མུའུ་སའེ་ཞིང་ཆེན་གྱི་ཀྲའོ་ཝ་1000གི་འོད་ཤུགས་རྣམ་གྲངས་ཀྱི་རྨང་གཞིའི་ཐོག་དུས་ཐེངས་གཉིས་པའི་ལང་ནན་ཐཱ་ཞིང་ཆེན་གྱི་ཀྲའོ་ཝ་580དང་ཝུའུ་ཏུའོ་མུའུ་སའེ་ཞིང་ཆེན་གྱི་ཀྲའོ་ཝ་420ཡི་འོད་ཤུགས་རྣམ་གྲངས་ཐུན་མོང་ཐོག་གསར་སྤེལ་བྱ་རྒྱུ་ཡིན་པ་རེད།