དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ལོ་བདུན་སོང་རྗེས་སླར་ཡང་མོ་ཙམ་པི་ཁེར་འཚམས་འདྲིར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-13

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་9ཉིན“ཞི་མཐུན་གྱི་འགན་འཁྲི-2024”ཡི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ས་ཚིགས་བཞི་པ་མོ་ཙམ་པི་ཁེ་རུ་འབྱོར་ནས་དུས་ཡུན་ཉིན་7གྱི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་པ་དང་འབྲེལ་སྨན་བཅོས་ཞབས་ཞུའང་བསྒྲུབས་པ་རེད། དེ་ནི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་2017ལོར“ཞི་མཐུན་འགན་འཁྲིའི”ལས་འགན་བསྒྲུབས་པ་དང་འཚམས་འདྲིར་བསྐྱོད་ནས་ལོ་7སོང་རྗེས་སླར་ཡང་མོ་ཙམ་པི་ཁེ་ལ་འཚམས་འདྲི་བྱས་པ་ཞིག་རེད།

    འདི་ནི་ཟླ་8ཚེས་9ཉིན“ཞི་མཐུན་གྱི་འགན་འཁྲི-2024”ཡི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་མོ་ཙམ་པི་ཁེ་ཡི་མ་ཕུའུ་ཐུའོ་གྲུ་ཁར་འབྱོར་བ་དང་མོ་ཙམ་པི་ཁེ་ཕྱོགས་ཀྱིས་གྲུ་ཁར་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཚོགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།