དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་ལྔས་གཅིག་སྡུད་ཐོག་ཟ་མ་ཟ་བའི་ཚན་པའི་ཟ་ཁང་གཉེར་སྐྱོང་འགན་གཙང་གི་བཟའ་བཅའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-13

    ཉེ་ཆར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། སློབ་གསོ་པུའུ། དམངས་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་བཅས་ཀྱིས《གཅིག་སྡུད་ཐོག་ཟ་མ་ཟ་བའི་ཚན་པའི་ཟ་ཁང་གི་འགན་གཙང་གཉེར་སྐྱོང་བཟའ་བཅའི་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་ནས་བཟའ་བཅའི་བདེ་འཇགས་ཀྱི“ནན་ཤོས་བཞིའི”བླང་བྱ་སྔར་བས་དོན་འཁྱོལ་བྱས་ཏེ་གཅིག་སྡུད་ཐོག་ཟ་མ་ཟ་བའི་ཚན་པའི་ཟ་ཁང་འགན་གཙང་གཉེར་སྐྱོང་གི་བཟའ་བཅའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བཟའ་བཅའི་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་བསལ་ནས་གཅིག་སྡུད་ཐོག་ཟ་མ་ཟ་བའི་ཚན་པའི་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།

    《བརྡ་ཐོའི》ནང་། གཅིག་སྡུད་ཟ་མ་ཟ་བའི་ཚན་པས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། འགན་གཙང་གཉེར་སྐྱོང་ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་བྱེད་པར་སྐུལ་འདེད་གཏོང་བ། ལས་རིགས་དོ་དམ་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲིར་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་སོགས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་ཐོག་ཏུ་ཕན་ཚུན་ཆ་འཕྲིན་སྤེལ་རེས་བྱེད་པ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆགས་པར་བྱས་ནས་གཅིག་སྡུད་ཐོག་ཟ་མ་ཟ་བའི་ཚན་པའི་བཟའ་བཅའི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    《བརྡ་ཐོའི》ནང་། གཅིག་སྡུད་ཐོག་ཟ་མ་ཟ་བའི་ཚན་པས་ཚན་པ་དེ་གའི་བཟའ་བཅའི་བདེ་འཇགས་ལ་སྤྱི་འགན་འཁུར་བ་དང་། འགན་གཙང་གཉེར་སྐྱོང་ཁེ་ལས་ཀྱིས་དེའི་འགན་གཙང་གཉེར་སྐྱོང་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཕྱོགས་ཡོངས་ནས་འགན་འཁུར་དགོས། ས་གནས་ཁག་གི་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ལས་རིགས་དོ་དམ་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ལྟ་འདོམས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འབྲེལ་ཆད་གཅོད་བསླབ་འདོམས་དང་ཡིད་རྟོན་དོ་དམ་ལག་ལེན་བསྟར་བ་བཅས་བྱེད་དགོས་ཞེས་གསལ་པོ་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།