དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་དྲུག་ཅུ་དབུ་དཀར་གྱི་སློབ་ཁྲིད་འཆར་གཞི་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-13

    ཉེ་དུས་སློབ་གསོ་པུའུ་དང་ནོར་སྲིད་པུས་མཉམ་འབྲེལ་ཐོག《2024ལོའི་དྲུག་ཅུ་དབུ་དཀར་གྱི་སློབ་ཁྲིད་འཆར་གཞིའི་འབྲེལ་ཡོད་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། འདི་ལོ་སློབ་ཁྲིད་དགེ་རྒན་དྲུག་ཅུ་དབུ་དཀར་7000བསྡུས་ཏེ་རྒན་ཡོལ་ཞུས་པའི་ཕུལ་བྱུང་དགེ་རྒན་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ་བཏོན་ནས་གྲོང་གསེབ་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྩིས་ཡོད་པ་རེད།

    《བརྡ་ཐོའི》ནང་། 2024ལོའི་དྲུག་ཅུ་དབུ་དཀར་གྱི་སློབ་ཁྲིད་འཆར་གཞི་ལག་བསྟར་གྱི་ཁྱབ་ཁོངས་ནི་རྫོང་གཞི་རྩའི་ཚན་པར་བྱས་ནས་གཙོ་བོ་དབུལ་སྒྲོལ་ས་ཁུལ་ལ་ཁ་ཕྱོགས་པ་དང་། གཙོ་གནད་ཐོག་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་དང“ཆུས་གསུམ་དང་ཀྲོའུ་གསུམ”སོགས་ས་ཁུལ་ལ་གཟིགས་སྐྱོང་བྱེད་པ། རོགས་སྐྱོར་བྱ་ཡུལ་སློབ་གྲྭ་ནི་རྫོང་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་སློབ་གྲྭ་ཡིན་པ་རེད། དེའི་རྨང་གཞིའི་ཐོག་ཞིང་ཆེན་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཅུང་ཉམས་ཞན་གྱི་རྫོང་དང་། ཤང་། ས་ཁུལ་བཅས་དང་དེ་བཞིན་སློབ་གསོ་འཕེལ་རྒྱས་འགྲོ་འགོར་བའི་ས་ཁོངས་གཞན་དག་ལ་ཁ་ཕྱོགས་ཏེ་རྒན་ཡོལ་ཞུས་པའི་ཕུལ་བྱུང་དགེ་རྒན་རང་འདེམས་བྱས་ནས་སློབ་ཁྲིད་བྱེད་པར་སྐུལ་ལྕག་བྱ་རྒྱུ་དང་། གནས་ཚུལ་ལ་གཞིགས་ཏེ་མཐོ་རིམ་སློབ་འབྲིང་དཀྱུས་མ་ལག་བསྟར་ཁྱབ་ཁོངས་ནང་འཇུག་ཆོག་ཅེས་བསྟན་ཡོད།

    《བརྡ་ཐོའི》ནང་། དྲུག་ཅུ་དབུ་དཀར་གྱི་སློབ་ཁྲིད་འཆར་གཞི་འདུན་ཞུ་བྱེད་མཁན་རྒན་ཡོལ་ཞུས་པའི་དགེ་རྒན་གཙོ་བོ་ནི་སློབ་སྤྱི་དང་། སློབ་དཔྱོད་པ། དམིགས་བསལ་རིམ་པའི་དགེ་རྒན། རྐང་འཛིན་དགེ་རྒན་བཅས་རེད། སྤྱིར་ན་ལོ་65(ཚུད)མན་ཡིན་ཞིང་། སློབ་ཁྲིད་འཆར་གཞིའི་ནང་ཞུགས་མཁན་རྒན་ཡོལ་ཞུས་པའི་དགེ་རྒན་ལ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། དགེ་རྒན་གྱི་སྤྱོད་བཟང་། གཟུགས་པོ་བདེ་ཐང་། སྤྱོད་ཚུལ་ལེགས་པོ། སློབ་གསོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བཅས་ལྡན་དགོས། སློབ་ཁྲིད་དགེ་རྒན་ལ་རྩ་དོན་ཐོག་འབྲིང་རིམ་དང་དེ་ཡན་གྱི་དགེ་རྒན་གྱི་གོ་མིང་ཡོད་དགོས་པ་དང་། གཙོ་བོ་མཐོ་རིམ་དགེ་རྒན་ཡིན་དགོས་ཞེས་ཁ་གསལ་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།