དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བས་གྲོང་མིས་ཉེ་འགྲམ་གྱི་དྲོ་སྐྱིད་ཚོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཅུས་ཡུན་ཕེང་།   |     སྤེལ་དུས།  2024-08-13

    “མང་ཚོགས་ཀྱི་བྱ་བ་གྲོས་བསྡུར་བྱས་ནས་བསྒྲུབས་ཚེ་ལས་དོན་གཞི་ནས་དེ་བས་བདེ་བླག་དང་དེ་བས་ཕུན་སུམ་ཚོགས་པོའི་སྒོ་ནས་སྤེལ་ཐུབ”གྲོང་མིའི་ཁུལ་དུ་གློག་སྐས་བརྗེ་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས། ཧྲང་ཧའེ་ཕུའུ་ཐུའོ་ཆུས་ཀྲུང་ཡོན་ལན་དབན་ཁྲེང་གི་གྲོང་མིའི་ཁུལ་གསུམ་པའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡུན་མེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་བཏོན་པའི“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་པར་གོ་བ་སྔར་བས་ཟབ་མོ་ལོན་ཡོད།

    “ལོ་འགོར་ལས་འགོ་བཙུགས་པ་དང་གློག་སྐས་གཉིས་ཀྱི་ནང་ནས་གཅིག་བརྗེས་ཟིན་པ་དང་གཅིག་ཤོས་བརྗེ་བཞིན་ཡོད”གློག་སྐས་བརྗེ་བ་ནི་ཀྲུང་ཡོན་ལན་དབན་ཁྲེང་ཁུལ་ཆུང་གི་ཐོག་ཁང་སྟར་པ་241གི་ཐོག་སོ་33པར་སྡོད་མཁན་དབྱང་པའེ་ཅིན་གྱིས་ཉེ་དུས་དོ་ཁུར་ཆེ་ཤོས་བྱེད་པའི་བྱ་བ་ཞིག་རེད།

    ཀྲུང་ཡོན་ལན་དབན་ཁྲེང་ཁུལ་ཆུང་ནི་དུས་རབས་འདིའི་དུས་འགོར་བསྐྲུན་ཞིང་། མང་ཆེ་བ་ནི་ཐོག་སོ་མཐོ་བའི་སྡོད་ཁང་ཡིན་པ་དང་གྲོང་མི་དུད་ཚང་ཁྲི་1.1ལྷག་ཙམ་ཡོད་པ་དང་ཧྲང་ཧའེ་ནང་སྐོར་ལམ་ནང་གི་ཚོང་སྒྱུར་ཁང་པའི་ཁུལ་ཆུང་ཆེ་ཤོས་ཀྱི་གྲས་ཤིག་རེད། ལོ་20ལྷག་ཙམ་སོང་བས་གློག་སྐས་རྙིང་པར་གྱུར་པ་དང་སྐྱོན་ཡང་ཡང་ཤོར་ནས་གྲོང་མིའི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།

    མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་དང་མི་དམངས་ལ་བརྟེན་ནས་སྒྱུར་བཅོས་བྱེད་པ། གྲོང་མིའི་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་གྲོང་མིའི་འཐུས་མི་སྣེ་ཁྲིད་བྱས་ཏེ་གྲོང་མི་ཨུ་ལྷན་དང་། དོ་བདག་ཨུ་ལྷན། སྡེ་ལས་ཀུང་སི་བཅས་དང་མཉམ་འབྲེལ་གྱིས“གློག་སྐས་གནད་དོན་གྱི་ཆེད་དོན་དོ་བདག་ཚོགས་འདུ”འཚོགས་རྒྱུ་སྒྲིག་འཛུགས་བྱས་ནས་ཐག་གཅོད་བྱེད་ཐབས་ཐུན་མོང་ཐོག་གྲོས་མོལ་བྱས་པ་རེད། 2023ལོའི་ལོ་མཇུག་ཏུ་གློག་སྐས་བརྗེ་འདོད་ཡོད་མེད་ཀྱི་འདྲི་རྩད་རེའུ་མིག་ཅིག་ཐོག་ཁང་སྟར་པ་241གི་གྲོང་མིའི་ལག་ཏུ་སྤྲད་དེ་གྲོང་མི་རང་ཉིད་ལ་མོས་མཐུན་ཡོད་མེད་འབྲི་རུ་བཅུག་པ་རེད། རེའུ་མིག་བསྡུས་རྗེས། མང་ཆེ་བས་མོས་མཐུན་བྱས་ཡོད།

    ཀྲུང་ཡོན་ལན་དབན་ཁྲེང་ཁུལ་ཆུང་གནས་སའི་དབྱི་ཁྲོན་ལམ་ཁྲོམ་གཞུང་གིས་ཀྱང་གྲོང་ཁྱེར་འཁོར་སྐྱོད་དོ་དམ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཞུས་ཅིན་མངགས་ནས་ཡུན་མེ་དང་མཉམ་དུ་གློག་སྐས་བརྗེ་བའི་ཐད་གྲོས་བསྡུར་བྱས་པ་རེད།

    ཡོངས་བསྒྲགས་དང་ཁ་གསལ་གཏིང་གསལ་གྱི་བརྒྱུད་རིམ་རབ་དང་རིམ་པ་བརྒྱུད། གློག་སྐས་བརྗེ་བའི་ཇུས་གཞི་ཅིག་གྲུབ་པ་རེད། གློག་སྐས་བརྗེ་བའི་ཚོགས་ཆུང་གི་ཁོངས་མིས་ཁྱིམ་ཚང་རེ་རེ་བཞིན་ལ་བརྡས་ཐག་གཅོད་པའི་སྤ་སེ་སྤྲད་པ་དང་སྤ་སེ་132སྤྲད་པའི་ནང་ནས་མོས་མཐུན་ཡོད་པའི་སྤ་སེ་123ཡོད་པ་རེད། མིག་སྔར་ཀྲུང་ཡོན་ལན་དབན་ཁྲེང་ཁུལ་ཆུང་དུ་གློག་སྐས་རྙིང་པ་206ཡོད་ཅིང་། 188གྲོང་མིའི་རེ་བ་ལྟར་བརྗེ་འགོ་ཚུགས་པའི་ནང་། 142བརྗེས་ཟིན་པ་དང་46བརྗེ་བཞིན་ཡོད།

    སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ལ་མཉམ་སྤྱོད་བྱེད་པ། འདི་ལོའི་ཟླ་6པར་ཕུའུ་ཐུའོ་ཆུས་ཨུད་ཀྱིས་ཁྲིམས་ལྟར་ཆུས་སྐྱོང་གཞུང་ལས་ཁང་དང་ཕུའུ་ཐུའོ་ཆུས་ཁྲིམས་འཛིན་ཅུས་ཀྱིས་ཀྲུང་ཡོན་ལན་དབན་ཁྲེང་ཡུག་ཁུལ་གྱི་གློག་སྐས་བརྗེ་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་བ་དང“ཕུའུ་ཐུའོ་ཆུས་ཀྱི་ད་ཡོད་སྡོད་ཁང་གི་གློག་སྐས་བརྗེ་བའི་ཁྲིད་སྟོན”བཏོན་པ་རེད། བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་། འདོད་མོས་རགས་ཙམ་གྲུབ་པ། གློག་སྐས་བརྗེ་བའི་ཚོགས་ཆུང་བཙུགས་པ། གློག་སྐས་བརྗེ་བའི་ཇུས་གཞི་གྲུབ་པ་སོགས་ལྷུ་ཚིགས་11ཁུལ་ཆུང་ཡོངས་ཀྱི་གློག་སྐས་བརྗེ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད། གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་དེ་ཆུས་ཡོངས་སུ་ཁྱབ་གདལ་བཏང་བ་དང་བསྟུན་ནས་གྲོང་མི་དེ་བས་མང་བས་ཉེ་འགྲམ་གྱི་སྒྱུར་བཅོས་ཀྱི་དྲོ་སྐྱིད་ཚོར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།