དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་རྒྱུད་པ་ལེགས་པའི་ཕྱུགས་རིགས་དཔྱད་བསྡུར་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གཉེར་བ།

  •     སྤེལ་དུས།  2024-08-13

    འདི་ནི་འགྲན་བསྡུར་ནང་ཞུགས་མཁན་འབྲི་གཡག་ཡིན་པ།

    ཚེས་10ཉིན་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུད་པ་ལེགས་པའི་ཕྱུགས་རིགས་དཔྱད་བསྡུར་འགྲན་བསྡུར་ཆེན་པོ་སྐབས་དང་པོ་བདེ་བླག་ངང་གཉེར་བ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་ནང་ཞུགས་མཁན་འབྲི་གཡག་གྲས་སུ་ཕག་རིའི་འབྲི་གཡག་དང་། ཉང་གཡག གཟི་ཕུག་འབྲི་གཡག་སོགས་འབྲི་གཡག་རིགས་རྒྱུད་5ཡོད་ཅིང་། བོད་ལུག་གི་རིགས་རྒྱུད་ནི་ཨ་དབང་ལུག་དང་། གམ་པའི་ལུག ཧོར་པའི་ལུག་སོགས་ལུག་རྒྱུད་8ཡོད།

    ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མང་ཚོགས་དང་ཡུལ་སྐོར་བས་སྤྱི་ཡོངས་ཀྱི་ཁྱད་ཆོས་དང་། གཟུགས་གཞིའི་ཁྱད་ཆོས། ཕྱུགས་རྒྱུད་ཀྱི་ཁྱད་ཆོས། སྐྱེ་འཕེལ་ནུས་པ་སོགས་ཀྱི་ཐད་ནས་འགྲན་བསྡུར་ནང་ཞུགས་མཁན་འབྲི་གཡག་དང་ལུག་རྒྱུད་ལ་དཔྱད་འདེམས་སྐར་མ་བརྒྱབ་སྟེ། རིམ་པ་དང་པོའི་གཡག་ཐུག་འབྲི་མོ་རེ་དཔྱད་འདེམས་བྱས་པ་དེ་དག་ཚང་མ་ཉང་གཡག་ཡིན་ལ། ཝུའུ་ལིང་ཧུང་ཀོང་རླངས་འཁོར་རེ་བྱ་དགར་སྤྲད་ཡོད། རིམ་པ་དང་པོའི་ལུག་ཐུག་དང་མ་མོ་རེ་དཔྱད་འདེམས་བྱས་པ་ཨ་དབང་གི་ལུག་ཡིན་པ་དང་སོ་སོར་འདྲུད་འཐེན་འཁོར་ལོ་རེ་བྱ་དགར་སྤྲད་ཡོད། དེ་བྱིངས་ཀྱི་རིམ་པ་གཉིས་པ་དང་གསུམ་པ་སོགས་ཀྱི་འབྲི་གཡག་དང་བོད་ལུག་སོ་སོར་འདྲུད་འཐེན་འཁོར་ལོ་དང་། གཟན་རྩྭ་ཞིབ་འཐག་འཕྲུལ་འཁོར། རྩྭ་འབྲེག་འཕྲུལ་འཁོར་སོགས་ཀྱི་བྱ་དགའ་ཐོབ་ཡོད། འགྲན་བསྡུར་ནང་ཞུགས་ཀྱང་བྱ་དགའི་རིམ་པ་མ་ཐོབ་པའི་འབྲི་གཡག་དང་བོད་ལུག་ལ་བྱ་དགའ་སྦག་སྦག་རེ་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།