དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་སྒྲོལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་སྙེགས་འགྲན་བསྡུར་སྐབས་ལྔ་པ་ཟླ་8ཚེས་21ཉིན་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-13

    ཟླ་8ཚེས་21ནས་ཚེས་25ཉིན་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་སྒྲོལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་སྙེགས་འགྲན་བསྡུར་སྐབས་ལྔ་པ་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་སུ་གཉེར་རྒྱུ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་དུས་ཡུན་ཉིན་ལྔ་དང་ཁྱོན་འགྲན་བསྡུར་དུམ་བུ་གསུམ་ལ་དབྱེ་ཡོད་ཅིང་། འགྲན་བསྡུར་གྱི་ལམ་ཐག་སྤྱི་ལེ་310.16ཙམ་ཡོད་པ་དང་ས་བབ་མཐོ་དམའི་ཧེ་བག་ནི་སྨི་2988ནས་4034བར་ཡིན་པ་རེད།

    ཟླ་8ཚེས་21ཉིན་ལྷ་སའི་ཕོ་བྲང་པོ་ཏ་ལ་ཐང་ཆེན་དུ་འགོ་ཚུགས་མཛད་སྒོ་འཚོག་རྒྱུ་དང་ཚེས་22ཉིན་ཉིང་ཁྲི་གྲོང་ཁྱེར་དུ་སྤོ་རྒྱུ་རེད། ཚེས་23ཉིན་འགྲན་སྐོར་དང་པོའི་འགྲན་བསྡུར་དང་། ཚེས་24ཉིན་འགྲན་སྐོར་གཉིས་པའི་འགྲན་བསྡུར། ཚེས་25ཉིན་འགྲན་སྐོར་གསུམ་པའི་འགྲན་བསྡུར་དང་དེ་བཞིན་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་བཟུང་རང་ལྗོངས་ཀྱིས་ཧི་མ་ལ་ཡ་སྒྲོལ་བའི་རྐང་འཁོར་མཐར་སྙེགས་འགྲན་བསྡུར་སྐབས་བཞི་བདེ་བླག་ངང་གཉེར་བ་རེད། ན་ནིང་གཉེར་བའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་སྒྲོལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སྙེགས་འགྲན་བསྡུར་སྐབས་བཞི་པ་དེ་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་ལས་རིགས་མུ་འབྲེལ་འགྲན་བསྡུར་ནང་ཚུད་པ་དང་UCIཨེ་ཤེ་ཡའི་འགྲན་བསྡུར་གྱི་ཉིན་རེའི་ལས་རིམ་ནང་ཚུད་རྗེས་གཉེར་བའི་འགྲན་བསྡུར་ཐོག་མ་དེ་རེད། ལྷ་སར་སྐོར་བ་རྒྱག་པའི་འགྲན་བསྡུར་གྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་ཐད་གཏོང་གི་བྱེད་ཐབས་སྤྱད་དེ་གངས་ལྗོངས་ས་མཐོའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་། མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་རྣམ་པ། དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཅས་ཕྱོགས་ཡོངས་ནས་མངོན་ཡོད། “མྱུར་ཚད་དང་སྤྲོ་སེམས”ཀྱི་འགྲན་བསྡུར་ཁྲོད་འཛམ་གླིང་ཡོངས་ལ་ཕྱོགས་ཡོངས་དང་། ཕྱོགས་བསྡུས། དོན་དངོས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་མཐོང་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།