དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་ཆའོ་ཡ་ཆུན་གྱིས་བརྗོད་དོན།

    སྤྱི་པའི་ཞབས་ཞུའི་ཁྱབ་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    སྤྱི་པའི་ཞབས་ཞུའི་ཁྱབ་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཕྱོགས་གཅིག་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཀུན་ཕན་རང་བཞིན་གྱི་གཞི་རྩ་མིན་པའི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་ཤུགས་ཆེན་བཏང་ནས། རིམ་པ་མང་བ་དང་སྣ་མང་རང་བཞིན་གྱི་སྤྱི་པའི་ཞབས་ཞུའི་དགོས་མཁོ་སྐོང་དགོས།

    “གཙོ་གནད་གྲལ་བཤེར”བྱེད་ཐབས་ཡག་པོ་སྤྱད་དེ་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུ་སྒྲུབ་ཚད་མཐོ་རུ་གཏོང་དགོས་ཤིང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལས་ཞུགས་ཞབས་ཞུ་ཡག་པོ་བསྒྲུབས་ཐོག་ལས་ཤོར་དང་ལས་ཞུགས་ཐོ་འགོད་གྲངས་གཞིར་གཞིགས་ནས་གཏོགས་ཁོངས་ཀྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་སོགས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་གཙོ་གནད་ཚོགས་སྤྱིར་ལེབ་བཤེར་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་ཞུགས་རོགས་སྐྱོར་ཞབས་ཞུ་བསྒྲུབས་ནས་གཙོ་གནད་མི་ཚོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་དགོས།

    ཞབས་ཞུ་གྲངས་འཛིན་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྨན་བཅོས་ཞབས་ཞུའི་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་དགོས་ཤིང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བར་གཙོ་བོ་གོ་སྐབས་འདྲ་མཉམ་ཡོང་བར་སྐུལ་འདེད་དང་སྤྱི་ཚོགས་དྲང་གཞག་ཡོང་བའི་འགན་ལེན་བྱས་ཏེ། མང་ཚོགས་ཚང་མར་ཕལ་ཆེར་དོ་མཉམ་ཡིན་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཡོད་པར་བྱེད་དགོས། རྫོང་ཁོངས་ཀྱི་དམ་ཟབ་རྣམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པ་དང་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས“དྲ་སྦྲེལ་+སྨན་བཅོས་བདེ་ཐང”གི་གྲངས་གཞི་ཆེན་པོའི་ཆ་འཕྲིན་སྟེགས་བུ་བཙུགས་ཏེ། ས་ཁུལ་ནང་ཁུལ་གྱི་རིམ་ཁག་སྨན་བཅོས་སྒྲིག་གཞིའི་གྲངས་གཞི་ཕན་ཚུན་སྦྲེལ་མཐུད་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།