དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཡུལ་ཤུལ་གནམ་ཐང་ཤར་གཏོང་ཐུབ་ནས་ལོ་15སོང་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལྡབ་40འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་1ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གནམ་ཐང་ཤར་གཏོང་ཐུབ་ནས་ལོ་15སོང་ཡོད། ལོ་བཅོ་ལྔ་ཡི་རིང་ཡུལ་ཤུལ་གནམ་ཐང་དེ་ཐོག་མའི་དུས་ཀྱི་མཁའ་ལམ་1དང་། མཁའ་འགྲུལ་ཀུང་སི་1 གཟའ་འཁོར་རེར་དུས་གཏན་གནམ་གྲུ་2བཅས་ནས་ད་ཆ་མཁའ་ལམ་4དང་། མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་5 ཉིན་རེར་གནམ་གྲུ་འཕུར་འབབ་ཐེངས་17བཅས་བར་འཕེལ་རྒྱས་ཕྱིན་ཡོད། མཁའ་འགྲུལ་ཤར་གཏོང་ཐུབ་མ་ཐག་གི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1ཀྱང་མ་ཟིན་པ་ནས་ད་ཆ་མི་ཐེངས་ཁྲི་40ཙམ་བར་འཕེལ་རྒྱས་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།