དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡིད་རྟོན་སྙན་ཞུ་གཅིག་གིས་སྡེ་ཚན་40ཡི་དཔང་ཡིག་གི་ཚབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    ཡིད་རྟོན་ནི་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞི་ཡིན། ཨན་ཧུའེ་རུ་ཡིད་རྟོན་སྙན་ཞུ་གཅིག་གིས་སྡེ་ཚན་40དང་འབྲེལ་བའི་དཔང་ཡིག་གི་ཚབ་བྱེད་ཐུབ་པས་ཁེ་ལས་དེ་བས་མང་བ་ཞིག་ལ་ཕན་པ་ཐོབ་ཡོད་པ་རེད།

    དྲ་ཚིགས་སུ་ཐོ་འགོད་བྱེད་པ་དང་། མིང་ངོ་མའི་ཁས་ལེན་དཔང་འདོན་བྱེད་པ། ཕབ་ལེན་དང་པར་འདེབས་བཅས་བྱས་ནས་ཁེ་ལས་ཀྱི་ཡིད་རྟོན་སྙན་ཞུ་སྐར་མ་ཁ་ཤས་ནང་དོན་གྱི་ཡོད། ཡིད་རྟོན་སྙན་ཞུ་ཞིག་གིས་ཚང་མར་སྟབས་བདེ་ཅི་ཙམ་ཡོང་ཐུབ་བམ།

    “བརྒྱུད་རིམ་སྟབས་བདེ་ཞིང་བདེ་བླག་ཡིན་པ་དང་དུས་ཚོད་མི་བཀག་པ་མ་ཟད། གྲོན་དངུལ་ཡང་བསྡུ་གི་མེད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཧོ་ཧྥེ་ཐུའུ་ཝ་ཚན་རྩལ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཅིང་ལི་ཏུང་དབྱང་གིས་བཤད།

    “དེ་སྔོན་གང་ས་གང་ལ་ཐེངས་མང་རྒྱུག་དགོས་ཀྱི་ཡོད། ཁྲིམས་མིའི་ཉེས་གསོག་ཟིན་ཐོ་མེད་པའི་དཔང་ཡིག་སྤྱི་བདེ་ལས་ཁུངས་སུ་འདྲི་རྩད་བྱེད་དགོས་པ་དང་། ཁེ་ལས་ཀྱི་ཡིད་རྟོན་ཁྲལ་དོན་ཅུས་ལ་ཤེས་རྟོགས་བྱེད་པར་འགྲོ་དགོས་པ་མ་ཟད། ཐོ་འགོད་ཆ་འཕྲིན་ཚང་མར་ཁེར་རྐྱང་གི་དཔང་ཡིག་འདོན་དགོས། བྱ་བ་གཅིག་བསྒྲུབ་ཆེད་གང་ས་གང་ལ་བརྒྱུགས་ནས་ཨང་གྲངས་བླངས་ཏེ་བང་བསྒྲིག་རྒྱུ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་རེད”ཅེས་དཔང་ཡིག་གི་དཔྱད་ཡིག་སྣ་ཚོགས་བཟོ་མཁན་ལིང་ཏུང་དབྱང་གིས་བཤད།

    2023ལོའི་ཟླ་3པར་བཏོན་པའི་དྲ་ཐོག་ནས་ཡིད་རྟོན་སྙན་ཞུ་རེ་ཞུ་བྱེད་པའི་སྒྱུར་བཅོས་ལས་སྔོན་ཆད་ཀྱི་རྙོག་དྲ་ཆེ་བའི་བརྒྱུད་རིམ་དེར་འགྱུར་ལྡོག་ཕྱིན་ཡོད། ཡིད་རྟོན་སྙན་ཞུ་དེ་གཉེར་སྐྱོང་བྱེད་པོའི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་གྱུར་ཡོད་པ་རེད།

    ཁེ་ལས་ལ་དཔང་ཡིག་ཅིག་འདོན་པར“ཁག་པོ་དང་། རྙོག་དྲ། སྒུག་ཡུན་རིང་བ”སོགས་ཀྱི་གནད་དོན་ལ་དམིགས་ནས། ཨན་ཧུའེ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཁེ་ལས་ཀྱི་ཡིད་རྟོན་སྙན་ཞུ་གཅིག་གིས་སྡེ་ཚན་40ཡི་ཁྲིམས་འགལ་སྒྲིག་འགལ་མེད་པའི་དཔང་ཡིག་གི་ཚབ་བྱེད་པའི་སྒྱུར་བཅོས་ཁྱབ་གདལ་བཏང་སྟེ་ཁེ་ལས་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད། ཁེ་ལས་ཀྱིས་དྲ་ཐོག་དང་དྲ་ཕྱི་ནས་ཐེངས་གྲངས་ཚད་བཀག་མེད་པར་ཡིད་རྟོན་སྙན་ཞུ་ལེན་ཆོག་པ་དང་འགྲོ་གྲོན་གང་ཡང་སྤྲོད་མི་དགོས་པར་གཟའ་འཁོར་གཅིག་རིང་ཉིན་མཚན་དབྱེར་མེད་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད།

    སྒྱུར་བཅོས་ལག་བསྟར་བྱས་ཚུན་ཁེ་ལས་ཁག་གིས་རིམ་རྩིས་བྱས་ན་དྲ་ཐོག་ནས་ཡིད་རྟོན་སྙན་ཞུ་ཁྲི་13ལྷག་ཙམ་ཕབ་ལེན་བྱས་པ་དང་དཔང་ཡིག་དཔྱད་གཞི་ཁྲི་250ལྷག་ཙམ་པར་འདེབས་བྱེད་ཉུང་དུ་བཏང་བ་རེད།

    རེའུ་མིག་གཅིག་གིས་ཇི་ལྟར་བྱས་ནས་རེའུ་མིག་མང་པོ་ཞིག་གི་ཚབ་ཐུབ་བམ། སྒྱུར་བཅོས་ཀྱི་གཙོ་གནད་ནི་ལས་ཀའི་འཁོར་སྐྱོད་ལམ་སྲོལ་བསྐྱར་སྒྲིག་སྟེ་ཞིང་ཆེན་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཨན་ཧུའེ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འབྲེལ་ཡོད་སྡེ་ཚན་གྱིས་གཅིག་གྱུར་གྱི་བླང་བྱ་གཞིར་བཟུང་མ་ལག་སྦྲེལ་མཐུད་དང་། ཆ་འཕྲིན་བསྡུ་རུབ་མཉམ་སྤྱོད། ཡིད་རྟོན་སྙན་ཞུ་འདྲི་རྩད་སོགས་ཀྱི་ཞིབ་ཕྲའི་ལས་འགན་དོན་འཁྱོལ་བྱས་ནས་སྡེ་ཚན་ཁག་གི་ལས་སྒོའི་བརྒྱུད་རིམ་གཅིག་གྱུར་མིན་པ་དང་དུས་ཚོད་མི་འདྲ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

    ཨན་ཧུའེ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུན་གྱིས“འབྲེལ་ཡོད་སྡེ་ཚན་40གཞི་གཅིག་ཏུ་སྒྱུར་བཅོས་ཁྱབ་ཁོངས་ནང་བཅུག་ནས་ཚད་གཞི་གཅིག་དང་སྒྲུབ་ཚད་གཅིག་མཐའ་འཁྱོངས་བྱེད་ཀྱི་ཡོད། ཡིད་རྟོན་སྙན་ཞུའི་ནང་ཁེ་ལས་ལ་དུས་ཚོད་ངེས་ཅན་ནང་སྲིད་འཛིན་ཆད་གཅོད་དང་ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོའི་མིང་ཐོ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་ཡོད་མེད་ར་སྤྲོད་ཐུབ་ཀྱི་ཡོད་པ་དང་ཁྱབ་ཁོངས་40རེའུ་མིག་གཅིག་གིས་འཐུས་ཀྱི་ཡོད”ཅེས་བཤད་པ་རེད།

    “གྲངས་གཞི་ཁྱེར་ནས་འགྲོ་བ”དེས“ཁེ་ལས་གང་ས་གང་དུ་རྒྱུག་པའི”ཚབ་བྱེད་པར་གཙོ་བོ་ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་གཏིང་ཟབ་བྱ་རྒྱུར་ཐུག་ཡོད།

    ཨན་ཧུའེ་ཡིས་ཁྲིམས་དང་སྒྲིག་སྲོལ་ལྟར་སྤྱི་པའི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དཀར་ཆག་རྩོམ་སྒྲིག་པར་འདེབས་བྱས་ནས་སྡེ་ཚན་གྱི་ཆ་འཕྲིན་བཀག་རྒྱ་མེད་པར་བཟོས་ཏེ་ཞིང་ཆེན་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་ཁྲི་815དང་འབྲེལ་བ་ཡོད་པའི་རིགས་ཁག་གི་ཡིད་རྟོན་ཆ་འཕྲིན་དུང་ཕྱུར་69བསྡུ་རུབ་བྱས་ཡོད། སྲིད་འཛིན་ཆོག་འཐུས་དང་སྲིད་འཛིན་ཆད་གཅོད་ཀྱི་ཆ་འཕྲིན་ཚང་མ་ལས་ཀའི་ཉིན་བདུན་ནང་གཅིག་གྱུར་ཐོག་བསྡུ་རུབ་ཡོངས་བསྒྲགས་བྱས་པ་དང་ཡིད་རྟོན་ཚབས་ཆེན་ཤོར་བའི་བྱེད་པོའི་མིང་ཐོའི་ཆ་འཕྲིན་ཚང་མ་བསྡུ་རུབ་མཉམ་སྤྱོད་བྱས་ཡོད་པ་རེད།

    གྲངས་གཞིའི་འདེགས་སྐྱོར་དགོས་པ་མ་ཟད་ད་དུང་མ་ལག་འཁོར་སྐྱོད་ཀྱང་བྱེད་དགོས། ཨན་ཧུའེ་ཡིས་དྲ་ཐོག་ཡིད་རྟོན་སྙན་ཞུའི་འདྲི་རྩད་མ་ལག་གསར་སྤེལ་བྱས་པ་དང་འབྲེལ“ཨན་ཧུའེ་ཡི་ལས་དོན་ཀུན་སྒྲུབ”ཀྱི་ལས་སྟེགས་དང་། སྲིད་དོན་ཞབས་ཞུའི་སྐར་ཁུང་། གཞི་གཅིག་ཅན་གྱི་རིག་ནུས་རང་འདེམས་མཐའ་སྣེ་སོགས་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱས་ཏེ་གཉེར་སྐྱོང་བྱེད་པོར་སྟབས་བདེ་སྤུས་ལེགས་ཀྱི་ལས་སྒྲུབ་ཉམས་ལེན་ཞབས་འདེགས་ཞུས་ཡོད།

    འདི་ལོའི་ཟླ་5པར་ཁེ་ལས་ཀྱི་མ་རྐང་ཁྲོམ་རར་ཞུགས་པའི་རེ་འདུན་ཞུ་སྐབས་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད། ཨན་ཧུའེ་ཡིས་ཁེ་ལས་ཀྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྙན་ཞུའི(མ་རྐང་ཁྲོམ་རར་ཞུགས་པའི་པར་གཞི)ཞབས་ཞུ་གསར་གཏོད་བྱས་ནས་བཏོན་པ་དང་ཁེ་ལས་ཀྱི་ཡིད་རྟོན་ཤོར་བའི་ཆ་འཕྲིན་ཚང་མ་དང་དེ་བཞིན་ཚབས་ཆེ་ཆུང་ཁེ་ལས་ཀྱི་སྙན་ཞུའི་ནང་མངོན་པ་མ་ཟད། འཛིན་ལོར་ལྟ་སྡོམ་སྡེ་ཚན་དང་མཚམས་སྦྱོར་སྒྲིག་གཞི་སོགས་ཀྱིས་ལྟ་ཀློག་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

    “དེ་སྔ་ཁྲོམ་རར་འདོན་པའི་དཔྱད་གཞི་རེ་ཞུ་བྱེད་པར་ཆ་སྙོམས་དཔང་ཡིག་300ལྷག་ཙམ་མཁོ་འདོན་བྱེད་དགོས། དེའི་ནང་ཁེ་ལས་ཀྱི་ཡིད་རྟོན་སྙན་ཞུ་དང་འབྲེལ་བའི་སྡེ་ཚན་མང་པོ་ཚུད་པས་གཟའ་འཁོར་གཅིག་གཉིས་འགོར་གྱི་འདུག ཨན་ཆིང་གྲོང་ཁྱེར་ནུས་རྒྱུ་གསར་པའི་ཚན་རྩལ་ཀུང་སི་ཞིག་གིས་ཁྲོམ་རར་འདོན་པའི་དཔྱད་གཞི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ལས་དོན་པའི་མཛུབ་ཁྲིད་འོག་ཁེ་ལས་ཀྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྙན་ཞུ(ཁྲོམ་རར་འདོན་པའི་པར་གཞི)ཞིག་སྐར་མ་2མ་འགོར་བར་བཏོན་པས་དངོས་འབྲེལ་དུས་ཚོད་གྲོན་ཆུང་ཐུབ་པ་དང་། སེམས་ཁྲལ་བསལ་བ་མ་ཟད། ད་དུང་ལས་ཕྱོད་ཀྱང་ཧ་ཅང་མཐོ་པོ་འདུག”ཅེས་ཀུང་སིའི་ལག་འགྲིམ་མཁན་ཀྲང་མིང་གིས་བསྟོད་བསྔགས་བཏང་ནས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།