དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་གསར་དུ་ཐོ་འགོད་བྱས་པའི་ནུས་གསར་རླངས་འཁོར་40%ཙམ་འཕར་བ།

    ཟླ་6པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་གློག་སྡོང་བསྡོམས་འབོར་ཁྲི་1024ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་6པའི་ཟླ་མཇུག་བར། རང་རྒྱལ་དུ་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར་4.4ཟིན་པའི་ནང་རླངས་འཁོར་དུང་ཕྱུར་3.45དང་ནུས་གསར་རླངས་འཁོར་ཁྲི་2472ཟིན་པ་དེ་རླངས་འཁོར་བསྡོམས་འབོར་གྱི་7.18%བཟུང་བ་དང་གློག་སྒུལ་རྐྱང་པའི་རླངས་འཁོར་ཁྲི་1813.4ཟིན་པ་དེ་ནུས་གསར་རླངས་འཁོར་བསྡོམས་འབོར་གྱི་73.35%བཟུང་ཡོད། ལོ་སྟོད་དུ། རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཁྲི་1680ཡོད་པའི་ནང་རླངས་འཁོར་ཁྲི་1242ཟིན་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་ནུས་གསར་རླངས་འཁོར་ཁྲི་439.7ཡོད་པ་དེ་དུས་མཚུངས་ལས་39.41%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གློག་སྡོང་ཁྲི་1024ལས་བརྒལ་བ་དེ་དུས་མཚུངས་ལས་54%འཕར་བའི་ནང་སྤྱི་པའི་གློག་སྡོང་ཁྲི་312ལས་བརྒལ་བ་དང་མི་སྒེར་གྱི་གློག་སྡོང་ཁྲི་712ལས་བརྒལ་ཡོད་པ་རེད། ལོ་སྟོད་དུ། རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་ལ་གློག་གསོག་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་513ཙམ་ཟིན་པ་དེ་དུས་མཚུངས་ལས་40%འཕར་ཡོད། མིག་སྔར་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ(རླངས་འཁོར་འཇོག་ཁུལ་ཚུད་པ)དུ་རིམ་རྩིས་བྱས་ན་གློག་སྡོང་ཁྲི་2.72བཙུགས་ནས་སྤྱིར་ན་ཞིང་ཆེན་ཚང་མར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།