དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་གྱི་ལས་འགན“གཉིས་ཀ་ཕྱེད་ཡན་ལེགས་གྲུབ་ཟིན་པ”

    2026ལོའི་ལོ་མཇུག་ཏུ་གཙོ་གཞི་བསྐྲུན་ཟིན་པ་བྱ་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    གསར་འགོད་པས་ཀོང་ཤིས་ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་8ཚེས་7ཉིན་བར། ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་373.46ཙམ་བཏང་བ་དང་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.17སྔོག་འདོན་བྱས་ཡོད། མ་གཞི་འཛུགས་སྐྲུན་ལས་ཡུན་ཕྱེད་ཀའང་ཟིན་མེད་ཀྱང་མ་འཇོག་དང་ས་རྡོ་སྔོག་འདོན་བྱེད་ཚད་གཉིས་ཀ་ཕྱེད་ཡན་ལེགས་གྲུབ་ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཕིང་ལུའུ་མིས་བཟོས་གཙང་པོའི་ལས་གྲྭར་རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་727ཙམ་བཏང་བ་དང་། སྔོན་དཔག་བྱས་ན་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.39སྔོག་འདོན་བྱ་རྒྱུ་ཡིན་པ་དང་2026ལོའི་ལོ་མཇུག་ཏུ་གཙོ་གཞི་བསྐྲུན་ཟིན་པ་བྱ་རྒྱུ་རེད། ལས་འགོ་དངོས་སུ་འགོ་ཚུགས་ཚུན་འཛུགས་སྐྲུན་པ་ཁྲི་2ཙམ་གྱིས་ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་ལས་གྲྭའི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད། འདི་ལོའི་ལོ་སྟོད་ཁོ་ནར་ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་111.3བཏང་བ་དང་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་5851.8སྔོག་འདོན་བྱས་པ་དེས་ལོ་འཁོར་གྱི་འཆར་གཞིའི་55.7%དང་53.2%སོ་སོར་བཟུང་ཡོད་པ་རེད།

    འདི་ལོའི་ལོ་སྨད་དུ་ཕིང་ལུའུ་མིས་བཟོས་གཙང་པོའི་ལས་གྲྭ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་200གཏོང་བ་དང་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.1སྔོག་འདོན་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་རྒྱུ་དང་། གྲུ་ལམ་འགག་སྒོའི་གཙོ་གཞི་དང་། གྲུ་ལམ། ཟམ་པ་སོགས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་2026ལོར་གཙོ་གཞི་འཛུགས་སྐྲུན་གྱི་དམིགས་ཚད་བསྒྲུབ་རྒྱུའི་འགན་ལེན་བྱ་རྒྱུ་རེད། མིག་སྔར་མིས་བཟོས་གཙང་པོའི་ལམ་རྒྱུད་ཀྱི་བསྐྱར་སྐྲུན་དང་གསར་སྐྲུན་སློབ་ཆུང་6ཚང་མ་ལས་མཇུག་འགྲིལ་བ་དང་འབྲེལ་ཞིབ་བཤེར་རྩིས་ལེན་ཡང་བྱས་པ་དང་འདི་ལོའི་སྟོན་དུས་ཀྱི་སློབ་དུས་སུ་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།