དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལས་འགན་ཁག་20ལ་བརྟེན་ནས་བཟའ་བཏུང་ཞག་སྡོད་དང་། ཁྱིམ་ལས་ཞབས་ཞུ། རྒན་གསོ་བུ་བཅོལ་སོགས་ཀྱི་ཁྱབ་ཁོངས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    ཟླ་8ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་བཀྲམ་པའི《ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་དངོས་སྒྲུབ་བྱེད་ཐབས་བཏོན་པ།

    ཚོང་དོན་པུའི་པུའུ་ཀྲང་ལས་རོགས་ཐང་ཝུན་ཧུང་གིས་བརྗོད་དོན། ཞབས་ཞུའི་འཛད་སྤྱོད་ནི་དམངས་འཚོའི་བདེ་རྩ་ཆེ་རུ་དང་ལེགས་སུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་དང་། འཛད་སྤྱོད་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་སྐྱེས་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། 《བསམ་འཆར》ནང་རྨང་གཞིའི་རང་བཞིན་གྱི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་དང་། ལེགས་བཅོས་རྣམ་པའི་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ། འཛད་སྤྱོད་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཞབས་ཞུའི་འཛད་སྤྱོད་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ། ཞབས་ཞུའི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། སྲིད་ཇུས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས་6ལ་དམིགས་ནས། གཙོ་གནད་ལས་འགན་ཁག་20བཏོན་ཏེ་བཟའ་བཏུང་ཞག་སྡོད་དང་། ཁྱིམ་ལས་ཞབས་ཞུ། རྒན་གསོ་བུ་བཅོལ་སོགས་ཞབས་ཞུའི་འཛད་སྤྱོད་ཀྱི་གཙོ་གནད་ཁྱབ་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ཡོད།

    སྤུས་ཚད་མཐོ་བའི་ཞབས་ཞུའི་མཁོ་སྤྲོད་མི་འདང་བ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཞབས་ཞུའི་སྤུས་ཚད་ཀྱི་གནད་དོན་ལ་དམིགས་ནས《བསམ་འཆར》ནང་། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་ལེགས་གཏོང་དང་དམངས་ཕན་བྱ་སྤྱོད་སྤེལ་བ་དང་། སྤུས་ལེགས་ཞབས་ཞུའི་ཁས་ལེན་བྱེད་སྒོ་འཚོལ་ཞིབ་བྱས་ནས་སྤེལ་བ། ཞབས་ཞུའི་ལས་རིགས་ཁེ་ལས་ཀྱིས་ཚོང་རྟགས་སྐྱེད་སྲིང་དང་། གཉེར་སྐྱོང་། སྲུང་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར། ཞབས་ཞུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱས་འབྲས་དུས་བཀག་ལྟར་ཡོངས་བསྒྲགས་བཅས་བྱེད་དགོས་ཞེས་བཏོན་ཡོད། འཛད་སྤྱོད་ཁོར་ཡུག་ཡག་པོ་མེད་པའི་གནད་དོན་ལ་དམིགས་ནས《བསམ་འཆར》ནང་། སྡེ་ཚན་སྒྲོལ་བའི་མཉམ་འབྲེལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་བརྡ་ཁྱབ་རྫུན་མ་དང་། དྲ་རྒྱའི་མགོ་སྐོར་གཡོ་འཕྲུལ། ཆ་འཕྲིན་གྱར་བ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སྡེ་ཁུལ་དང་། ཁྲོམ་ར། མཛེས་ལྗོངས་ས་ཚིགས། ལས་སྟེགས་ཁེ་ལས་བཅས་ཀྱིས་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས་འཛུགས་པར་བསྔགས་སྐུལ་བྱས་ནས་འཛད་སྤྱོད་ཀྱི་རྩོད་གཞི་འབྱུང་རྩ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། འབྲེལ་ཡོད་གཉེར་སྐྱོང་བྱེད་པོའི་ཐོ་འགོད་སྙན་དཔོད་དང་། སྲིད་འཛིན་ཆོག་འཐུས། སྲིད་འཛིན་ཆད་གཅོད་སོགས་ཀྱི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་དང་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།

    ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་རིམ་སྤོར་སྔར་བས་མགྱོགས་སུ་འགྲོ་རེ་ཡོད་པ།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལས་ཞུགས་ཡོང་འབབ་བགོ་བཤའ་དང་འཛད་སྤྱོད་སིའི་འགན་འཁུར་བ་ཁྲང་ཐེ་ཝུའེ་ཡིས་བརྗོད་དོན། གྲོང་མིའི་འཛད་སྤྱོད་དེ་དངོས་རྫས་འཛད་སྤྱོད་ནས་ཞབས་ཞུའི་འཛད་སྤྱོད་དུ་སྒྱུར་འགྲོ་བ་ནི་འཛད་སྤྱོད་རིམ་སྤོར་གྱི་མཚོན་ཚུལ་གལ་ཆེན་ཞིག་རེད། འདི་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་གཏོང་སྒོས་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོའི་བསྡུར་ཚད་བཟུང་ཚད་45.6%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.1འཕར་ཡོད། རྒྱལ་སྤྱིའི་ཉམས་མྱོང་ལ་བལྟས་ན། མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1གི་འགག་སྒོ་ཆེན་པོ་ལས་བརྒལ་བའི་སྐབས་སུ། འཛད་སྤྱོད་རིམ་སྤོར་གྱི་འཕེལ་རིམ་སྤྱིར་བཏང་མངོན་གསལ་དོད་པོས་མགྱོགས་སུ་འགྲོ་གི་ཡོད། མིག་སྔར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1.2ལྷག་ཙམ་ཟིན་ཞིང་། ཡོང་འབབ་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཡོང་འབབ་འབྲིང་བའི་ཚོགས་སྤྱིའི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་བསྟུན་ནས། ཞབས་ཞུའི་འཛད་སྤྱོད་ཀྱི་རྒྱ་སྐྱེད་རིམ་སྤོར་སྔར་བས་མགྱོགས་སུ་འགྲོ་རེ་ཡོད།

    ཚན་རྩལ་གསར་གཏོད་ཀྱིས་ཀྱང་ཞབས་ཞུའི་འཛད་སྤྱོད་ལ་མཁོ་སྤྲོད་གསར་པ་བྱུང་ཡོད། ཟས་སྐྱེལ་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་ཞབས་ཞུའི་འཕྲུལ་མི་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ནས་ལོ་སྟོད་དུ་ཞབས་ཞུའི་འཕྲུལ་མི་ཐོན་ཚད་དུས་མཚུངས་ལས་22.8%འཕར་ཡོད། “དྲ་སྦྲེལ+”སྨན་བཅོས་ཞབས་ཞུ་དང་གྲངས་འཛིན་སློབ་གསོ་སོགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་བརྟན་པོ་བྱུང་ནས་གློག་རྡུལ་རྩལ་འགྲན་དང་། སྤྱི་ཚོགས་འབྲེལ་ལམ་གྱི་དྲ་ཐོག་ཚོང་དོན། ཐད་གཏོང་དྲ་ཐོག་ཚོང་དོན་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས། འཛད་སྤྱོད་པར་དེ་བས་ཕུན་སུམ་ཚོགས་པ་དང་། སྣ་མང་། སྟབས་བདེ་བཅས་ཀྱི་འཛད་སྤྱོད་གདམ་ག་མཁོ་འདོན་བྱས་ཡོད།

    རིག་གནས་ཡུལ་སྐོར་དང་བཟའ་བཏུང་སོགས་ཐད་ཀྱི་ཞབས་ཞུའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ།

    འདི་ལོ་ཚུན་དུ། གུང་གསེང་རིང་ཡུལ་སྐོར་བྱེད་མཁན་མང་པོ་བྱུང་ནས་འཛད་སྤྱོད་ཀྱི་གསོན་ཤུགས་མགྱོགས་མྱུར་འཕེལ་ཡོད། དབྱར་ཁའི་གུང་གསེང་དང་ཏག་ཏག་འཁེལ་བས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཚ་རླབས་རྒྱུན་མཐུད་འཕྱུར་རྒྱུ་རེད་ཅེས་རིག་གནས་དང་ཡུལ་སྐོར་པུའི་ཐོན་ལས་འཕེལ་རྒྱས་སིའི་འགན་འཁུར་བ་མཱ་ལིས་བརྗོད་པ་དང་། ཁོང་གིས《བསམ་འཆར》ནང་བཏོན་པའི་གཙོ་གནད་ལས་འགན་ལ་དམིགས་ནས་རིག་གནས་དང་ཡུལ་སྐོར་པུས་རིག་གནས་ཡུལ་སྐོར་འཛད་སྤྱོད་མཐོར་གཏོང་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་པའི་ནུས་པ་ཡག་པོ་འདོན་གྱི་ཡིན་ཞེས་བརྗོད། དམངས་ཕན་བྱ་ཐབས་ཐད། རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་སྐུལ་འདེད་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་ས་གནས་ཁག་ལ་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གཟིགས་སྐྱོང་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག མང་ཉོའི་གཟིགས་སྐྱོང་སོགས་བྱ་ཐབས་སྣ་མང་བཟོ་བ་དང་ལག་བསྟར་བྱེད་པར་སྐུལ་ལྕག་བྱས་ཡོད། ཐོན་རྫས་ཀྱི་སྤུས་ཚད་ཐད། རིག་གནས་འཁྲབ་སྟོན་ཁྲོམ་རའི་མཁོ་སྤྲོད་རྒྱ་ཆེར་བཏང་ནས་ཕུལ་བྱུང་འཁྲབ་སྟོན་རྣམ་གྲངས་དེ་བས་མང་པོ་བཏོན་ཡོད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་བསམ་བཀོད་རྣམ་གྲངས་གསར་སྤེལ་བྱས་ཡོད། གྲངས་འཛིན་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་དབྱིངས་ཞུགས་ཉམས་ལེན་དང་། འཁྲབ་གཞུང་རོལ་རྩེད། གྲངས་འཛིན་སྒྱུ་རྩལ། དྲ་ཐོག་འཁྲབ་སྟོན་ཐད་གཏོང་། ཡུལ་སྐོར་མཚོ་གྲུ་དང་སྤྲོ་གསེང་གྲུ་གཟིངས། ཁང་འཁོར་སྒར་རྒྱག དམའ་འཕུར་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་མྱུར་བཏང་ཡོད། འཛད་སྤྱོད་ཁོར་ཡུག་ཐད། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་པ་བརྗེས་ནས་རིག་གནས་དང་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་གྱི་གཉེར་སྐྱོང་ཆུ་ཚད་དང་འཛད་སྤྱོད་ཉམས་ལེན་བྱེད་ཚད་མཐོ་རུ་བཏང་ཡོད། ཐོངས་མཆན་མི་དགོས་པའི་སྲིད་ཇུས་དྲིལ་བསྒྲགས་དང་བེད་སྤྱོད་ཡག་པོ་བྱས་ཏེ་གཏོང་སྤྲོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་རིམ་པ་མང་བ་དང་སྤུས་ཚད་མཐོ་བའི་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་མང་དུ་བཏང་ཡོད།

    བཟའ་བཏུང་ལས་རིགས་ནི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ཁྲོད་བསྡུར་ཚད་ཆེ་ཤོས་བཟུང་བའི་རིགས་ཤིག་ཡིན་ཞིང་། འདི་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2.6ཟིན་པ་དེ་དུས་མཚུངས་ལས་7.9%འཕར་ནས། སྤྱིའི་ཆ་ནས་མུ་མཐུད་ཅུང་མགྱོགས་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་མ་ཟད། འཕར་ཚད་ཀྱང་ཚོང་ཟོག་སིལ་ཚོང་བསྡོམས་འབོར་ལས་བརྒྱ་ཆའི་གྲངས་4.7མགྱོགས་པ་བྱུང་ནས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་འཕར་བར་ལེགས་སྐྱེས་འབུལ་ཚད་22.8%ཟིན་ཡོད། 《བསམ་འཆར》ནང་ད་དུང་བཟའ་བཏུང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད།

    2023ལོའི་ལོ་མཇུག་ཏུ། རང་རྒྱལ་དུ་ལོ་60དང་དེ་ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་2.97ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་21.1%ཟིན་ཡོད། རྒན་གསོའི་ཞབས་ཞུ་མཁོ་སྤྲོད་ལེགས་སུ་དང་རྒྱ་ཆེར་བཏང་ནས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་འདོན་པ་དེ་རྒན་རྒོན་གྱི་རིམ་པ་མང་བ་དང་། སྣ་མང་ཅན། རང་གཤིས་ཅན་བཅས་ཀྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་དེ་བས་ཡག་པོ་བསྐངས་ནས་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།