དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དང་དབྱུག་རྩེད་སྤོ་ལོའི་རིག་གནས་དུས་ཆེན་ཧྥུའུ་ཅན་གྱི་ལན་ཁྲེང་དུ་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    2024ལོའི་ཏུང་སེན་བུམ་པའི་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དང་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་རིག་གནས་དུས་ཆེན་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོ་ཉེ་ཆར་ཧྥུའུ་ཅན་ཞིང་ཆེན་གྱི་ལན་ཁྲེང་རྫོང་དུ་གཉེར་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་དང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཝང་ཅིན་ཧྥུའུ། ཐའེ་ཏུང་གི་རྫོང་དཔོན་རའོ་ཆིན་ལིང་སོགས་ངོགས་གཉིས་ཀྱི་སྐུ་མགྲོན་གྱིས་འགྲན་བསྡུར་ལ་ཞུགས་མཁན་ཐའེ་དབན་གྱི་དབྱུག་རྩེད་སྤོ་རྒྱག་མཁན་གཞོན་ནུ་ལོ་ཆུང་དང་། རྩལ་ཁྲིད་པ། དགེ་རྒན་བཅས་ལ་གཟིགས་པ་དང་འབྲེལ་གདན་ཞུས་ལྟར་འགྲན་བསྡུར་འགོ་ཚུགས་ཀྱི་སྤོ་ལོ་བརྒྱབ་ཡོད། ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་8ཉིན་པ་དང་། ངོགས་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་རུ་ཁག་8འགྲན་བསྡུར་ནང་ཞུགས་པར་གདན་དྲངས་ཡོད། དེའི་རིང་འགྲན་བསྡུར་ནང་ཞུགས་མཁན་སྤོ་ལོའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་ལུང་ཡན་གྱི་ལན་ཁྲེང་དང་། ཡུང་ཏིང་། ཞ་མོན་སོགས་ལ་ཞིབ་སློབ་ཀྱི་རྟོག་ཞིབ་བྱེད་སྒོའང་སྤེལ་རྒྱུ་ཡིན་པ་རེད།

    ཉེ་ཆར། སུང་ཐའོ་ཡིས་ལན་ཁྲེང་དུ་རའོ་ཆིན་ལིང་དང་ཏུང་སེན་ཚོགས་པའི་ཙུང་ཚའེ་ཝང་ལིང་ལིན་སོགས་བྱེད་སྒོར་ཞུགས་མཁན་གླིང་ཕྲན་གྱི་མི་སྣར་ཐུག་འཕྲད་བྱས་ཡོད། སུང་ཐའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐའེ་དབན་གྱི་གཞོན་ནུར་མཐོང་ཆེན་དང་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་ཐའེ་དབན་གྱི་གཞོན་ནུ་ལོ་ཆུང་མེས་རྒྱལ་གྱི་སྐམ་སར་ཡོང་ནས་ཕུགས་འདུན་དོན་གཉེར་ལ་གཞོལ་ཏེ་ངོགས་གཉིས་ཀྱི་གཞོན་ནུ་འཚར་ལོངས་དང་། འཇོན་ཐང་ཅན་དུ་འགྱུར་བ། གྲུབ་འབྲས་ལྡན་པ་བཅས་ཡོང་བར་མཐུན་རྐྱེན་དང་གོ་སྐབས་དེ་བས་མང་བ་མུ་མཐུད་བསྐྲུན་དགོས་ཞེས་གསུངས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ངོགས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ངོགས་གཉིས་ཀྱི་གཞོན་ནུས་མི་རིགས་བསྐྱར་དར་ལ་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བར་སྐུལ་ལྕག་བྱེད་ཀྱི་ཡིན་ཞེས་བརྗོད།

    ཁོང་གིས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་འཚོགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་བ་དེས། རྒྱ་ཆེའི་ཐའེ་དབན་གྱི་སྤུན་ཟླ་དང་ལྷག་པར་དུ་གཞོན་ནུ་གྲོགས་པོ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཞུགས་པར་བར་མཐོངས་སྔར་བས་ཡངས་པ་བཏོད་པས། ང་ཚོས་ངོགས་གཉིས་དབར་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་དང་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་མུ་མཐུད་གཞོལ་ནས་ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩ་དང་ཀྲུང་ཧྭ་མི་རིགས་ཧྲིལ་པོའི་ཁེ་ཕན་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།