དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་སླར་ཡང་གསེར་གྱི་རྟགས་མ་5ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-12

     ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན། སྒྱུ་རྩལ་ལུས་སྦྱོང་གི་མཉམ་སྡེབ་ཀུན་འཇོན་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཀྲུང་གོའི་རུ་ཁག(གཡོན་ནས་གཡས་བར་རིམ་པ་བཞིན་ཝང་ལན་ཅིང་དང་། ཏིང་ཤིན་དབྱི། ཧོང་ཀྲང་ཅ་དབྱང་། ཀུའོ་ཆི་ཆི། ཧའོ་ཐིན་བཅས་ཡིན་པ)བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

     ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན། ཕིང་ཕང་སྤོ་ལོའི་རྣམ་གྲངས་ཀྱི་བུད་མེད་ཚོགས་པའི་གསེར་གྱི་རྟགས་མ་ཐོབ་མཁན་ཀྲུང་གོའི་རུ་ཁག(གཡོན་ནས་གཡས་བར་རིམ་པ་བཞིན་ཝང་མན་ཡུས་དང་། སུན་དབྱིང་ཧྲ། ཁྲེན་ཡོང་བཅས་ཡིན་པ)བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

     ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་9ཉིན། འབོག་སན་རྣམ་གྲངས་ཀྱི་བུད་མེད་ཀྱི་སྤྱི་རྒྱ་50རིམ་པའི་གསེར་གྱི་རྟགས་མ་ཐོབ་མཁན་ཝུའུ་ཡུས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

     ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན། སྐྱེས་པའི་སྨི་བཅུའི་ཆུ་མཆོང་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཚའོ་ཡོན་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

     ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན། ལྗིད་འདེགས་རྣམ་གྲངས་ཀྱི་སྐྱེས་པའི་སྤྱི་རྒྱ་102རིམ་པའི་གསེར་གྱི་རྟགས་མ་ཐོབ་མཁན་ལིའུ་ཧོན་ཧྭ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན། ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ལྗིད་འདེགས་རྣམ་གྲངས་ཀྱི་སྐྱེས་པའི་སྤྱི་རྒྱ་102རིམ་པའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ལིའུ་ཧོན་ཧྭ་ལ་གསེར་གྱི་རྟགས་མ་ཐོབ་པ་དེ་ནི་ཀྲུང་གོའི་རུ་ཁག་ལ་ལྗིད་འདེགས་རྣམ་གྲངས་ཀྱི་སྐྱེས་པའི་སྤྱི་རྒྱ་100ཡན་གྱི་རིམ་པ་ཆེ་གྲས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་ཐེངས་དང་པོ་ཡིན་པ་རེད། སྒྱུ་རྩལ་ལུས་སྦྱོང་གི་མཉམ་སྡེབ་ཀུན་འཇོན་མཐའ་བསྡུར་ནང་ཏིང་ཤིན་དབྱི་དང་། ཀུའོ་ཆི་ཆི། ཧའོ་ཐིན། ཧོང་ཀྲང་ཅ་དབྱང་། ཝང་ལན་ཅིང་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཐོབ་པ་དེ་ནི་ཀྲུང་གོའི་རུ་ཁག་གིས་རྣམ་གྲངས་དེའི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལེན་ཐེངས་དང་པོ་རེད། སྐྱེས་པའི་སྨི་བཅུའི་ཆུ་མཆོང་གི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཚའོ་ཡོན་ལ་ཨང་དང་པོ་ཐོབ་པ་དང་ཀྲུང་གོའི་རུ་ཁག་ལ་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་མཆོང་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་8ཚང་མ་ཐོབ་པ་རེད། ཕིང་ཕང་སྤོ་ལོའི་འགྲན་རར་སུན་དབྱིང་ཧྲ་དང་། ཁྲེན་ཡོང་། ཝང་མན་ཡུས་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ལ་བུད་མེད་ཚོགས་པའི་ཨང་དང་པོ་ཐོབ་པ་དང་། ཀྲུང་གོའི་རུ་ཁག་ལ་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་5ཚང་མ་ཐོབ་པ་རེད།

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་9ཉིན་གྱི་དགོང་མོ། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཝུའུ་ཡུས་ལ་འབོག་སན་རྣམ་གྲངས་ཀྱི་བུད་མེད་ཀྱི་སྤྱི་རྒྱ་50རིམ་པའི་གསེར་གྱི་རྟགས་མ་ཐོབ་པ་རེད།

    ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན་གྱི་ཆུ་ཚོད་18བར། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་37དང་། དངུལ་གྱི་རྟགས་མ་27 ཟངས་ཀྱི་རྟགས་མ་24བཅས་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།