དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་2024ལོའི“དམངས་ཡོངས་ལུས་སྦྱོང་ཉིན་མོའི”སྡེ་ཁུལ་གྱི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-12

    ཉེ་དུས་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་སྤྱི་ཁྱབ་ཚོགས་པས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ(ལུས་རྩལ)ཅུས་སོགས་འབྲེལ་ཡོད་ཚན་པས་གཉེར་འགན་འཁུར་བའི་ལྷ་སའི་2024ལོའི“དམངས་ཡོངས་ལུས་སྦྱོང་ཉིན་མོའི”སྡེ་ཁུལ་ལུས་རྩལ་འགྲན་ཚོགས་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ར་དགའ་ཆོས་འཁོར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་གཉེར་བ་རེད།

    ད་ཐེངས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དེ“མཉམ་སྡེབ་རྣམ་གྲངས”དང་། “མི་སྒེར་གྱི་རྣམ་གྲངས” “ཉམས་ལེན་རྣམ་གྲངས”བཅས་སུ་ཕྱེ་ནས་འགྲན་བསྡུར་བྱ་ཡུལ་དུ་ཁག་དབྱེ་ནས་མཉམ་དུ་འགྲན་བསྡུར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་ལུས་སྦྱོང་ལུས་རྩལ་ལ་མང་ཚོགས་ཀྱི་རྨང་གཞི་ཟབ་མོ་ལྡན་པས། རྒྱ་ཆེའི་མང་ཚོགས་རྣམས་ལུས་སྦྱོང་ནང་ཞུགས་པ་དང་ལུས་སྦྱོང་ལ་བརྩི་མཐོང་དར་སྤེལ་གྱི་འདུ་ཤེས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་གཉེར་བའི་དམིགས་ཡུལ་ནི་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་དང་བསྟུན་ནས་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་རྣམས་དམངས་ཡོངས་ལུས་སྦྱོང་ནང་ཞུགས་རྒྱུར་འབོད་སྐུལ་བྱས་ཏེ། མང་ཚོགས་ཚང་མས་ལུས་སྦྱོང་དང་། རྒྱུན་དུ་ལུས་སྦྱོང་། ཚན་རིག་དང་མཐུན་པའི་ལུས་སྦྱོང་བཅས་བྱས་ནས་དམངས་ཡོངས་ལུས་སྦྱོང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།