ཨ་མདོ་རྫོང་ཁྲིམས་ཁང་གི“བུད་མེད་ཁྱིམ་ཚང”གི་སྒོ་བྱང་བཀལ་བ།
ཉེ་དུས་ཨ་མདོ་རྫོང་ཁྲིམས་ཁང་གིས“བུད་མེད་ཁྱིམ་ཚང”གི་སྒོ་བྱང་དངོས་སུ་བཀལ་བ་དང་། དེ་ཐོག་ནས་ཨ་མདོ་རྫོང་གི་བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། དེ་ནི་ཨ་མདོ་རྫོང་གིས་བུད་མེད་དང་བྱིས་པའི་འཕེལ་རྒྱས་ལ་སེམས་ཁུར་དང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པས། ཨ་མདོའི་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།