དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆོས་ལུགས་ཀྱི་འཆམ་མཐུན་འབྲེལ་བ་བཙུགས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    —— རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས)གི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-12

    ཟླ་7ཚེས་27ཉིན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང(སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས)གིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཧྲའན་ཤིས་དགེ་འོས་སློབ་ཆེན་སོགས་ལྗོངས་ཕྱི་ནང་གི་ཚན་ཞིབ་སྒྲིག་གཞི་དང་མཐོ་སློབ་15ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་60ལྷག་ཙམ་ལྷན་དུ་འཛོམས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་བརྗོད་དོན་གཙོ་བོར་དམིགས་ནས་ལོ་རྒྱུས་ཀྱི་ཉམས་མྱོང་དང་། ལག་ལེན་གྱི་ཐབས་ལམ། “སྣ་མང་གཞི་གཅིག” ཚན་རིག་གི་ནང་དོན། དུས་རབས་ཀྱི་རིན་ཐང་། སྐད་ཆའི་མ་ལག་འཛུགས་པ། སྤེལ་རེས་མཉམ་འདྲེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ཀྱི་ཞིབ་འཇུག་ཟུར་ཚད་ཐོག་ནས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན་ཞིག་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་བཅས་ཡིན། 2020ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས་པའི་ཐབས་ཇུས་གལ་ཆེན་བཏོན་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་འགྲེལ་བཤད་གཏིང་ཟབ་རྒྱག་རྒྱུ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་ཞིག་དང་། བོད་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་བོད་དུ་མཐའ་འཁྱོངས་བྱེད་པའི་ལག་ལེན་ཞིབ་ཕྲ་ཞིག་བཅས་རེད། ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“ཆོས་ལུགས་ཀྲུང་གོ་ཅན”སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱི་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན”གྱི་བརྗོད་གཞིར་རིགས་ལམ་ནས་འགྲེལ་བཤད་བརྒྱབ་པ་རེད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཀྲེང་ཞའོ་ཡུན་གྱིས་ཆོས་ལུགས་ཀྲུང་གོ་ཅན་དེ་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་། ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། དེང་སྐབས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་བཅས་དང་ཞི་མཐུན་གཅིག་གྱུར་ཡིན། བསམ་གཞིག་དེ་ལོ་རྒྱུས་ཀྱི་དོན་རྐྱེན་ལས་བྱུང་བ་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་རྣམ་པ་དང་འཕེལ་ཕྱོགས་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས། རིམ་པ་དེའི་ཐོག་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་དར་པོ་ཚེ་རིང་གིས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ཤེས་རྟོགས་དང་དེར་ཁྲིད་སྟོན་བྱེད་པ་དང་། དྲང་བཞག་དང་རྩོད་སྒྲུབ་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ནུས་པར་ཤེས་རྟོགས་དང་དེར་ལྟ་སྟངས་འཛིན་པ། རིན་ཐང་གི་སྣེ་ཁྲིད་རང་བཞིན་དང་། སེམས་ཁམས་ཀྱི་མོས་སེམས་དང་དུས་རབས་དང་འཚམ་པའི་རང་བཞིན་བཅས་སྲོག་ཤིང་དུ་བྱེད་པ། “ཕན་འདོགས་པ་ལྔ”ཡི་ཚད་གཞི་མཐའ་འཁྱོངས། ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་འདོན་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་མེད་པར་བཟོ་བ། བོད་བརྒྱུད་ནང་བསྟན་དང་དུས་རབས་དབུགས་ལམ་གཅིག་སྦྲེལ་དང་བདེ་སྡུག་མཉམ་མྱོང་ལ་ཁྲིད་སྟོན་བཅས་བྱས་ཏེ། སྤྱི་ཚོགས་ཞི་མཐུན་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བར་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས་ཞེས་བརྗོད་པ་རེད།

    ཀྲུང་གོའི་བོད་དུ་ནང་བསྟན་ཆོས་ལུགས་དེ་ཡུན་རིང་དར་བའི་ནང་མེས་རྒྱལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་དང་རིམ་གྱིས་འཚམ་མཐུན་བྱུང་ནས“རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། དུས་རབས་དང་བསྟུན་པ། དུས་བསྟུན་མདུན་སྐྱོད”བཅས་ཀྱི་གཞི་རྩའི་སྙིང་སྟོབས་གྲུབ་ཏེ་རྒྱལ་བབ་ཀྱི་ཁྱད་ཆོས་དང་མཐུན་པའི་ཀྲུང་གོ་ཅན་གྱི་ལམ་བུར་བསྐྱོད་ཡོད། བོད་དུ་ང་ཚོས་བོད་བརྒྱུད་ནང་བསྟན་གྱིས་ལོ་རྒྱུས་ཐོག་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས། མཉམ་འགུལ་བཅས་ལ་སྐུལ་འདེད་བཏང་བའི་རིག་གནས་སྦྲེལ་ཐག་གི་ནུས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་ནས་གྲུབ་པའི་ཏན་ཏིག་དང་གཏིང་ཟབ་པའི“བོད་ཀྱི་ཉམས་མྱོང”ཡག་པོ་བརྗོད་དགོས། ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ལོ་རྒྱུས་དང་། དོན་དངོས། འབྱུང་འགྱུར་དུས་རབས་བཅས་ཀྱི་མཐོ་ཚད་ཐོག་ནས་ནང་བསྟན་ཀྲུང་གོ་ཅན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་བོད་ཀྱི་རང་ས་ཅན་ཏེ་ཀྲུང་གོ་ཅན་གྱི་ལོ་རྒྱུས་ལག་ལེན་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།

    ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དཔལ་འབར་རྡོ་རྗེས“བོད་བརྒྱུད་ནང་བསྟན་ནི་ཀྲུང་གོའི་ནང་བསྟན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་བོད་རིགས་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་རྒྱུས་ཐོག་གི་བོད་བརྒྱུད་ནང་བསྟན་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་སྤེལ་བ་ཞིག་དང་ཀྲུང་ཡོན་རིག་གནས་དང་མཉམ་འགུལ་ཁྲོད་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བ་ཞིག་ཡིན། བོད་བརྒྱུད་ནང་བསྟན་དར་རྒུད་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དམ་པོར་སྦྲེལ་ཡོད། དུས་རབས་གསར་པར་ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་དང་ཀྲུང་ཡོན་ས་གཞི་ཆེན་པོའི་དབར་གྱི་སྤེལ་རེས་དང་མྱོང་ལེན་ལ་འགྲེལ་བཤད་ཡག་པོ་བརྒྱབ་ནས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་ཐུན་མོང་རང་བཞིན་མཉམ་དུ་གཏོད་དགོས”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།