དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུའི་འཆར་ཅན་རྟ་རྒྱུག་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་སྐབས་གསུམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-12

    ནག་ཆུའི་འཆར་ཅན་རྟ་རྒྱུག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུ་ཞིག་ཡིན་ལ། ལོ་རྒྱུས་ཡུན་རིང་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། 2024ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུག་ཐོག“ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་། བྱང་ཐང་རྟ་ཕོའི་བང་རྩལ་འགྲན”བརྗོད་དོན་གཙོ་བོར་བྱས་ནས་བྱང་ཐང་གི་སྲོལ་རྒྱུན་རྟ་རྒྱུག་དང“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ནག་ཆུའི་འཕེལ་རྒྱས་ཡར་ཐོན་དང་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཡོད།

    བྱེད་སྒོ་དེ“9+3”གྱི་གསར་གཏོད་བྱེད་སྟངས་སྤྱད་དེ་སྤེལ་ཞིང་། ཟླ་8ཚེས་1ནས་9ཉིན་བར་ནི་གྲ་སྒྲིག་དུས་ཚོད་ཡིན་པ་དང་ཟླ་8ཚེས་10ནས་12ཉིན་བར་དངོས་སུ་འགྲན་བསྡུར་བྱས་ཤིང་། བྱེད་སྒོ་ཧྲིལ་པོར“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོའི་མཐའ་བསྡུར་དང་། རྫོང(ཆུས)11གི་རིག་རྩལ་སྐོང་འཁྲབ། “གླིང་སྣེའི་ནག་ཆུའི”སྲོལ་རྒྱུན་གྱོན་ཆས་ངོམ་སྟོན། “ཕོ་རྒོད་དང་མཆོར་མོའི”ཡུལ་སྐོར་གཟུགས་བརྙན་གྱི་ཕོ་ཉ་འདེམས་སྒྲུག རྟ་རྒྱུག་དང་རྟ་རྩལ་འཁྲབ་སྟོན། རྩྭ་ཐང་གི་རོལ་དབྱངས་འདུ་ཚོགས། མེ་ཕུང་སྐོར་བྲོ “འབྲི་གཡག་མཛེས་ཤོས”དཔྱད་འདེམས། ཀྲུང་དབྱང་གླུ་གར་ཁང་གི“ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་སྤེལ་བའི”བྱེད་སྒོ “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་གཞོན་ནུའི་གླུ་ལེན་འདུ་ཚོགས། དབྱར་རྩྭ་དགུན་འབུའི་འགྲན་བསྡུར་དང་ཕྱིར་ཚོང་། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་སོགས་རིག་རྩལ་དང་། ལུས་རྩལ། ཚོང་ལས་བཅས་ཀྱི་རྣམ་གྲངས་ཚུད་ཡོད་པས། ནག་ཆུ་གྲོང་ཁྱེར་གྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། དེ་བཞིན་བོད་བྱང་ཐང་གི་ཕུལ་དུ་བྱུང་བའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་རིག་རྩལ་རྣམ་པ་ཟབ་མོ་དང་། ཟུར་ཚད་མང་པོ། རིམ་པ་མང་པོ་བཅས་ནས་སྤྱི་ཚོགས་ལས་རིགས་ཁག་ལ་མངོན་པར་བྱ་རྒྱུ་ཡིན་པ་རེད།

    ཐེངས་འདིའི་འཆར་ཅན་རྟ་རྒྱུག་ཐོག་ཅང་ཤེས་རྟ་ཕོའི་བང་རྩལ་འགྲན་པའི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་དང་། སྦྲ་གུར་ཁྲི་ཕྲག་ཕིབས་པའི་དམངས་སྲོལ་གནས་ཚང་གི་འདུ་ཚོགས་གཟབ་རྒྱས་ཤིག ཚོང་པ་ཁྲི་སྟོང་མང་པོས་སྤེལ་རེས་བྱེད་པའི་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་བཅས་འཚོགས་ནས། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ཚོར་ནག་ཆུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མཛེས་སྡུག་ལྡན་པའི་རི་ཀླུང་། མཐུན་སྒྲིལ་མདུན་སྐྱོད། དུས་རབས་ཀྱི་དར་སྲོལ་གསར་པ་བཅས་ཀྱི་མཛེས་སྡུག་དང་མྱོང་ཚོར་ཟབ་མོ་ཡོང་དུ་འཇུག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།