དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་4102ཟིན་པ།

    དུས་མཚུངས་ལས་10.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-11

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་4102ཟིན་པ་དེ་དུས་མཚུངས་ལས་10.5%འཕར་ཞིང་། དེང་རབས་ཅན་གྱི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་མྱུར་བསྐྲུན་ནས་རང་རྒྱལ་གྱི་ལྕགས་ལམ་དྲ་བའི་གཞི་ཁྱོན་དང་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

    ཟླ་7པར། ལྕགས་ལམ་གྱི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་འཕེལ་རྒྱས་བདེ་བླག་བྱུང་ཡོད། རི་ཀྲའོ་ནས་ལན་ཁའོ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཀྲོང་ཀྲའེ་ནས་ལན་ཁའོ་བར་གྱི་ལྷོ་རྒྱུད་ལམ་དུམ་བསྐྲུན་ཏེ་མེ་འཁོར་ཤར་གཏོང་ཐུབ་པ་དང་། རི་ལན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་བསྐྲུན་ཟིན་ནས་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་པ། ཧྲན་ཏུང་ཕྱེད་གླིང་གི་གྲོང་ཁྱེར་ཚོམ་བུ་དང་ཀྲུང་ཡོན་གྱི་གྲོང་ཁྱེར་ཚོམ་བུའི་དབར་གྱི་བར་ཐག་སྔར་བས་ཐུང་དུ་ཕྱིན་ཡོད། ཞོན་ཁྲེང་ནས་ཅི་ཞིའི་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧུའེ་ནུང་ནས་དབྱིན་ཁྲོན་བར་གྱི་ལམ་དུམ། སི་ཁྲོན་ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་བར་གྱི་ལྕགས་ལམ་གྱི་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་གྱི་ལམ་དུམ་བཅས་ལ་མཉམ་འབྲེལ་སྙོམ་སྒྲིག་ཚོད་ལྟ་བྱེད་འགོ་ཚུགས་པ་དང་ཧང་ཀྲོའུ་ནས་དབུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད་པ་རེད།

    ཟླ་7པར། གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཁག་གཅིག་ལ་ཚད་བརྒལ་གལ་ཆེན་བྱུང་ཡོད། ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཀྲུང་ཞང་ཧན་ཅང་གཙང་པོའི་ལྕགས་ལམ་ཟམ་ཆེན་གྱི་ཟམ་པ་གཙོ་བོ་འབྲེལ་མཐུད་ཐུབ་པ་དང་། ཧོ་ཧྥེ་ནས་ཤིན་དབྱི་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧོའེ་ཧོ་ཆུ་བོའི་ཟམ་ཆེན་ཤར་གཏོང་ཐུབ་པ། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་ཀླུ་ཆུའི་ཟམ་ཆེན་གྱི་ཟམ་གདན་གཙོ་བོ་ཡོངས་སུ་བཏིང་ཟིན་པ་རེད།

    གོམ་སྟབས་རྗེས་མར་རྒྱལ་ཁབ་ལྕགས་ལམ་ཚོགས་པས་ལྕགས་ལམ་འཛུགས་སྐྲུན་མ་འཇོག་གི་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་མགྱོགས་མྱུར་བསྒྲུབས་ནས་སྔ་ཙམ་ལས་འགོ་འཛུགས་ཐུབ་པར་བརྩོན་ལེན་བྱེད་པ་དང་། སྐྲུན་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་སྒྲིག་འཛུགས་ལ་དམ་འཛིན་ཡག་པོ་བྱས་ནས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ། ལོ་འདིའི་ནང་ཚུན་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ལ་དམ་པོར་དམིགས་ཏེ་བདེ་འཇགས་དང་། སྤུས་ལེགས། དུས་བཀག་བཅས་ཀྱི་སྒོ་ནས་ཤར་གཏོང་དང་སྐྱེལ་འདྲེན་གཉེར་སྐྱོང་ཐུབ་པར་འགན་ལེན་བྱས་ཏེ་དཔལ་འབྱོར་བསྐྱར་འཕར་དང་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།