དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་སེམས་འགྱུར་མེད་རྡོ་རྗེ་བྲག འབད་བརྩོན་ལྷོད་མེད་ཆུ་བོའི་རྒྱུན།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུལ་བྱུང་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་འཐུས་མི་པེ་ཏའེ་ཧོ་རུ་གདན་དྲངས་ཏེ་འཁོར་ཞག་ལ་རོལ་བའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝུའུ་ཁྲུའུ་ཆི།   |     སྤེལ་དུས།  2024-08-11

    དམིགས་བསལ་གྱི་གདན་ཞུ་ཞིག་ལ་ཁ་ཆད་ལྟར་འཛོམས། ད་ལོའི་ཟླ་8པར་ཕུལ་བྱུང་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་འཐུས་མི་ཁག་གཅིག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གདན་ཞུས་ལྟར་པེ་ཏའེ་ཧོ་རུ་འཛོམས་ནས་དབྱར་ཁའི་འཁོར་ཞག་བྱེད་སྒོར་ཞུགས།

    ཐུགས་ཁུར་ཟབ་མོ་ལས་བྱུང་བའི་དྲོ་སྐྱིད་ལྷག་པར་མངོན་ཞིང་། རྒྱ་མཚོར་ལྟ་རོལ་དང་། དགའ་བདེའི་ངང་ཆུ་རྐྱལ་རྒྱག་པ། སྒོ་རའི་ནང་འཆམ་འཆམ་བྱེད་པ། གློག་བརྙན་ལྟ་བ་སོགས་བྱས་ཏེ་དཀའ་སྤྱད་ལས་ལ་ལོ་འཁོར་མོ་ཡུག་ཏུ་གཞོལ་བའི་རིགས་གཅིག་མཁས་ཅན་རྣམས་གནས་འདིར་ལུས་བདེ་སེམས་སྐྱིད་བྱུང་བ་དང་སྤྲོ་སྣང་ཆེན་པོས་ཁ་བརྡར་གློད།

    “ང་ཚོས་སྔར་རྒྱུན་བཞིན་རྒྱལ་གཅེས་ཀྱི་བསམ་པ་དང་རྒྱལ་ཁབ་ལ་དྲིན་གཟོའི་འདུན་པ་བཅངས་ནས་མི་སྒེར་གྱི་ཕུགས་བསམ་དོན་གཉེར་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་མཉམ་འདྲེས་བྱ་རྒྱུ་ཡིན”ཞེས་པ་དེ་ནི་རིགས་གཅིག་མཁས་ཅན་ཚོའི་ཐུན་མོང་གི་བསམ་འདུན་རེད།

    ཐུགས་ཁུར —— བརྩེ་སེམས་ཟབ་མོ་ཚོར་ནས་དུས་རབས་རླབས་པོ་ཆེར་གཅེས་སྤྲས་བྱེད།

    “འདི་ནི་དོན་སྙིང་ཆེ་བའི་ལག་རྟགས་ཤིག་རེད། ངས་དུས་གཏན་དུ་ཉར་ཚགས་བྱ་རྒྱུ་ཡིན”ཞེས་ཐམ་ག་དམར་པོ་བརྒྱབ་པའི་འཁོར་ཞག་གི་གདན་འདྲེན་ཞུ་ཡིག་འབྱོར་བའི་སྐད་ཅིག་མར་ཀྲུང་གོ་ཚན་རིག་ཁང་རྩིས་རྒྱག་ལག་རྩལ་ཞིབ་འཇུག་སུའོ་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་སུན་ཉིང་ཧུའེ་ཡི་སེམས་སུ་སྤོབས་པ་ཆེན་པོ་སྐྱེ་བཞིན་བཤད། ཁོང་གིས“ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ཆེའི་ཤེས་ཡོན་ཅན་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་ནི་ང་ཚོའི་ངོས་ནས་བརྗོད་ན་སྐུལ་ལྕག་ཧ་ཅང་ཆེན་པོ་ཞིག་རེད”ཅེས་བཤད།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་འཐུས་མི་དབྱར་ཁར་པེ་ཏའེ་ཧོ་རུ་འཁོར་ཞག་ལ་རོལ་བར་གདན་འདྲེན་ཞུས་པ་ནི། ཏང་དང་རྒྱལ་ཁབ་ཀྱི་ཤེས་ལྡན་པའི་ལས་དོན་གྱི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ད་ལོའི་འཁོར་ཞག་ནི“རྒྱལ་གཅེས་འབད་འཐབ”བརྗོད་དོན་གཙོ་བོར་བྱས་པ་དང་འཁོར་ཞག་བྱེད་སྒོའི་ནང་ཞུགས་མཁན་རིགས་གཅིག་མཁས་ཅན་ནི་གཙོ་བོ་རང་བྱུང་ཚན་རིག་དང་། ལས་གྲྭའི་ལག་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག རིག་གནས་སྒྱུ་རྩལ་སོགས་ཁྱབ་ཁོངས་ནས་ཡིན་པ་རེད།

    འཁོར་ཞག་རིང་རིགས་གཅིག་མཁས་ཅན་ཚོར་གཅེས་སྐྱོང་དང་ལྟ་རྟོག་ཟོལ་མེད་བྱས་པ་ཚོར་ཡོད། “འཁོར་ཞག་གི་བྱེད་སྒོར་བཀོད་སྒྲིག་ཧ་ཅང་ཞིབ་ཚགས་བྱས་འདུག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་ཞིབ་ལས་དོན་པར་མཐོང་ཆེན་འདི་འདྲ་བྱས་པ་ལས་ང་ཚོར་སེམས་འགུལ་དང་སྐུལ་མ་ཆེན་པོ་ཐེབས་བྱུང”ཞེས་ཧུའུ་ནན་ཚན་རྩལ་སློབ་ཆེན་རྒྱ་མཚོའི་གཏེར་ཁ་ཐོན་ཁུངས་འཚོལ་ཞིབ་སྒྲིག་ཆས་དང་བདེ་འཇགས་ལག་རྩལ་གྱི་རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་ལས་གྲྭ་ཚོད་ལྟ་ཁང་གི་ཀྲུའུ་རེན་ཝན་པུའུ་ཡན་གྱིས་བཤད།

    ཟླ་8ཚེས་3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆིས་པེ་ཏའེ་ཧོ་རུ་དབྱར་ཁའི་འཁོར་ཞག་ལ་རོལ་མཁན་རིགས་གཅིག་མཁས་ཅན་ལ་གཟིགས་པ་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་འཐབ་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།

    སྨོན་འདུན་བཟང་པོ་དང་། མངགས་བཅོལ་ཟབ་མོ། རེ་བ་ཟོལ་མེད་བཅས་ཀྱིས་རིགས་གཅིག་མཁས་ཅན་ཚོའི་སེམས་ཤུགས་ལྷག་པར་འཕེལ་ཡོད། “འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་ལྡན་པར་ཐུགས་ཁུར་གནང་བ་ཞིག་ཡིན་པས། ཚང་མར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང”ཞེས་ཧྲན་ཤིས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཁྲེང་ཧྥང་ཆིན་གྱིས་བཤད་ཅིང་། ཁོང་གིས“དུས་རབས་རླབས་པོ་ཆེར་ཐུགས་རྗེ་ཆེ་ཞུ། དུས་རབས་རླབས་པོ་ཆེ་སྟོང་ཟད་དུ་དེ་བས་ཀྱང་གཏོང་མི་རུང་། ང་ཚོས་ཁྱིམ་ཞེན་རྒྱལ་ཞེན་ཟབ་མོ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་དཀའ་སྒྲོལ་འགག་སེལ་གྱིས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།

    སྤེལ་རེས —— བསམ་བློའི་མེ་སྟག་མཆེད་པར་བྱས་ནས་ཚན་རྩལ་གྱི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས།

    ད་རེས་པེ་ཏའེ་ཧོ་རུ་འཁོར་ཞག་ལ་རོལ་རྒྱུ་བྱུང་བ་ནི་རིགས་གཅིག་མཁས་ཅན་ཚོའི་ངོས་ནས་བརྗོད་ན། རིག་གཞུང་མཉམ་འདྲེས་དང་། ཐོན་ཁུངས་མཉམ་སྤྱོད། ཆ་འཕྲིན་མཉམ་གཏོད་བཅས་ཀྱི་གོ་སྐབས་རྩ་ཆེན་ཞིག་རེད།

    སྤེལ་རེས་ཡོད་ན་བསམ་བློའི་གདོང་ཐུག་འབྱུང་སྲིད་ལ། གསར་གཏོད་མཉམ་ལས་ཀྱི་རེ་བ་དེ་བས་ཀྱང་ཆེ་བ་ཡོད།

    “ལས་རིགས་མི་གཅིག་ན་རྒྱང་ཐག་རི་རབ་ཀྱིས་ཆོད་པ་བཞིན་རིང་། དེ་སྔོན་ངེད་གཉིས་ཀྱི་ཞིབ་འཇུག་ཁྱབ་ཁོངས་ལ་ཁྱད་པར་ཆེ་བས་འབྲེལ་བ་རྩ་བ་ནས་མི་འདུག་སྙམ་མོད། དེ་རིང་ཁ་བརྡ་གློད་རྗེས་བློ་སྐྱེད་མང་པོ་བྱུང་། ཕྱིན་ཆད་མཛུབ་ཁྲིད་མང་ཙམ་གནང་རོགས” “མཚན་སྙན་སྔར་ནས་གོ་མྱོང་། ཁྱེད་ཀྱི་ཞིབ་འཇུག་ཁ་ཕྱོགས་ལ་ང་རང་དགའ་མོས་ཆེན་པོ་ཡོད། འོན་ཀྱང་དེ་སྔོན་བཀའ་འདྲི་ཞུ་བའི་གོ་སྐབས་མ་བྱུང་། སླད་ཕྱིན་མཉམ་ལས་མང་ཙམ་བྱེད་ཐུབ་པའི་རེ་བ་ཡོད”……རླངས་འཁོར་ལ་སྡོད་རིང་དང་། ཟ་མ་ཟ་སྐབས། ཡང་ན་སྤྱི་གླིང་དང་། ནགས་གསེབ། མཚོ་འགྲམ་བཅས་གང་དུའང་རིགས་གཅིག་མཁས་ཅན་ཚོས་བསམ་བློ་བརྗེ་རེས་དང་གྲུབ་འབྲས་མཉམ་སྤྱོད་བྱེད་ཀྱི་འདུག

    རང་ཉིད་ཀྱི་ཞིབ་འཇུག་ཁྱབ་ཁོངས་གླེང་སྐབས་རིགས་གཅིག་མཁས་ཅན་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་བགྲོ་གླེང་ལྷུག་པོར་བྱེད་ཅིང་། གཞན་གྱི་སྐད་ཆར་ཉན་སྐབས་རིགས་གཅིག་མཁས་ཅན་ཚོས་ཁེངས་སྐྱུང་གི་སྒོ་ནས་བཀའ་འདྲི་ཞུ་བ་དང་ངང་རྒྱུད་རིང་པོས་སློབ་སྦྱོང་བྱེད། སྤེལ་རེས་བྱེད་རིང་རིགས་གཅིག་མཁས་ཅན་ཚོས་ཕན་ཚུན་སློབ་སྦྱོང་དང་ཁེངས་སྐྱུང་གུས་ཞབས་ཀྱི་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ནས་རང་རྒྱལ་གྱི་གསར་གཏོད་འཕེལ་རྒྱས་བྱ་གཞག་ཆེད་མཉམ་དུ་ལེགས་ཆ་བསྡུ་ལེན་བྱེད་ཀྱི་ཡོད།

    རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་མཛའ་གྲོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཀྲེན་ཁྲང་གིས“ང་ནི་སྨན་པ་ཞིག་ཡིན། གལ་སྲིད་རིགས་གཅིག་མཁས་ཅན་ཚོར་བདེ་ཐང་ཐད་གནད་དོན་གང་ཞིག་ཡོད་ཚེ་ངས་རོགས་པ་བྱེད་ཆོག ཚན་རྩལ་གསར་གཏོད་ཐད་རིགས་གཅིག་མཁས་ཅན་དང་སྤེལ་རེས་མང་ཙམ་བྱས་ནས་ཕན་ཚུན་མཉམ་འདྲེས་གསར་གཏོད་བྱས་པ་བརྒྱུད་གསོ་རིག་བདེ་ཐང་ཐད་ཚད་བརྒལ་དེ་བས་ཆེ་བ་ཡོང་བའི་རེ་བ་ཡོད”ཅེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རིགས་གཅིག་མཁས་ཅན་དང་ཤེས་ལྡན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དང་ཤེས་ལྡན་པའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་མ་ཟད། རིགས་གཅིག་མཁས་ཅན་དང་མཁས་དབང་གི་བསམ་འཆར་དང་གྲོས་འགོ་གསན་རྒྱུར་མཐོང་ཆེན་ཡང་གནང་གི་ཡོད། རིགས་གཅིག་མཁས་ཅན་དང་ཚན་རྩལ་ལས་དོན་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་གསར་གཏོད་ལས་གཏོད་དང་དཀའ་ངལ་ཁྱད་བསད་ཀྱི་སྙིང་སྟོབས་འཕེལ་བ་གནང་གི་ཡོད།

    ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་དང་། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་བཅས་ཡིན་པའི་ཤུའེ་ཆི་ཁུན་གྱིས“ཏང་དང་རྒྱལ་ཁབ་ཀྱིས་ཚན་རིག་མཁས་པར་བླ་ན་མེད་པའི་གུས་ལུགས་འཛིན་པ་དང་ཚན་རིག་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་ང་ལ་ཚོར་སྣང་ཟབ་མོ་བྱུང་། དེ་དང་དུས་མཚུངས་ཚན་རྩལ་གསར་གཏོད་ཀྱི་ཁ་ཚ་དགོས་གཏུགས་དང་ཚན་རིག་ལ་བརྟེན་ནས་མེས་རྒྱལ་གྱི་དྲིན་ལན་འཇལ་བའི་འགན་འཁྲི་འཁུར་སེམས་མྱོང་ཚོར་ཐུབ་བྱུང་། ཤེས་བྱ་སྦྱོང་བའམ་ཡང་ན་ཚན་ཞིབ་འགག་སྒྲོལ་གང་ཡིན་རུང་མགྱོགས་ལམ་མེད། ‘0’ནས‘1’གི་གསར་གཏོད་རང་བཞིན་གྱི་ཚད་བརྒལ་བྱེད་པར་ཚན་རིག་མཁས་ཅན་གྱིས་འབད་བརྩོན་ལྷོད་མེད་བྱེད་དགོས་པས། ང་ཚོས་ཕྲག་ཐོག་གི་འགན་འཁྲི་དང་ལས་འགན་སྔར་བས་ཤེས་རྟོགས་ཐུབ་བྱུང་། ལོ་བཅུའི་རིང་རལ་གྲི་གཅིག་རྡར་བའི་ཆོད་སེམས་དང་ངེས་ཤུགས་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བྱེད་ཀྱི་ཡོད”ཅེས་བཤད།

    འཁོར་ཞག་རིང་ཤུའེ་ཆི་ཁུན་གྱིས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་ཀྱི་ཝང་ཆིའུ་སྤོ་ལོའི་བུད་མེད་ཀྱི་རྐྱང་རྒྱག་མཐའ་བསྡུར་ལ་བལྟས་ཤིང་། “ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་དངོས་གནས་གྱོང་པོ་འདུག འཛམ་གླིང་གི་གར་སྟེགས་ཐོག་ཆུ་ཚད་མཐོ་པོ་དང་ཉམས་བཟང་མངོན་སོང་། དེས་ང་ཚོའི་ཚན་རྩལ་ལས་དོན་པར་རྒྱལ་སྤྱིའི་འགྲན་ར་ནས་གསེར་གྱི་རྟགས་མ་མང་ཙམ་ལེན་རྒྱུའི་སྐུལ་མ་ཐེབས་བྱུང”ཞེས་བཤད།

    རྒྱུན་འཛིན —— ཤེས་ལྡན་པ་མུ་མཐུད་གསོ་སྐྱོང་བྱས་ནས་རྒྱལ་ཁབ་ཆེད་དུ་འབད་འཐབ་བྱེད་པའི་དམ་བཅའ་འཇོག

    “ཚན་རིག་ཞིབ་འཇུག་པར་འགོག་རྐྱེན་མེད་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས”

    “འཛམ་གླིང་གི་ཚན་རྩལ་གསར་ཤོས་དང་ཤེས་ལྡན་པའི་འཐབ་ས་དང་པོར་དོ་སྣང་ཆེན་པོ་བྱས་ཏེ། སྔར་བས་ཧུར་བརྩོན་དང་སྔར་བས་སྒོ་དབྱེའི་འདུ་ཤེས་ལ་བརྟེན་ནས་སྤུས་ལེགས་གཞི་རྟེན་བཏོད་དེ་གནམ་འོག་གི་ཤེས་ལྡན་པ་བསྡུ་ལེན་རྒྱ་ཁྱབ་བྱེད་དགོས”

    “རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་གསོ་སྐྱོང་བྱེད་པའི་སྲིད་ཇུས་ཀྱི་གཙོ་གནད་དེ་གཞོན་ནུ་ཚན་རྩལ་ཤེས་ལྡན་པའི་ཐོག་བཞག་ནས་ཁོང་ཚོར་འགན་གཙོ་བོ་འཁུར་བ་དང་བྱེད་པོ་གཙོ་བོ་བྱེད་པར་མཐུན་རྐྱེན་སྐྲུན་དགོས”

    “ཤེས་ལྡན་པ”ཞེས་པ་ནི་འཁོར་ཞག་རིང་རིགས་གཅིག་མཁས་ཅན་ཚོས་སྤེལ་རེས་དང་གྲོས་བསྡུར་བྱེད་སྐབས་ཡང་ཡང་གླེང་བའི་འགག་རྩའི་ཚིག་ཅིག་རེད།

    “ཚན་རྩལ་བྱ་གཞག་དེ་མི་རབས་གཅིག་ཁོ་ནའི་འབད་བརྩོན་གྱིས་རྩ་བ་ནས་ཡོང་ཐབས་མེད་པར་མི་རབས་ནས་མི་རབས་བར་མུ་མཐུད་འབད་བརྩོན་བྱེད་དགོས། ང་ཚོས་རང་ངོས་ཀྱི་ཚན་ཞིབ་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་ད་དུང་མེས་རྒྱལ་ལ་དེ་བས་ཕུལ་བྱུང་གི་ཚན་རྩལ་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་གཞོན་ནུ་སློབ་མ་ཚོར་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཕུགས་བསམ་ཆེན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས”ཞེས་ཁུན་མིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དབྱང་པིན་གྱིས་བཤད།

    རིགས་གཅིག་མཁས་ཅན་ཚོའི་རྒྱུན་གཏན་ལས་ཀའི་ཁྲོད་ཀྱི་བསམ་འཆར་དང་གྲོས་འགོ་སྔར་ལས་ལེགས་པ་ཉན་ཆེད། འཁོར་ཞག་རིང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ད་དུང་རིགས་གཅིག་མཁས་ཅན་རྣམས་སྒྲིག་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    “དེ་རིང་ང་ཚོ་ཚོགས་ཆུང་གསུམ་པ་དང་བཞི་པས་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་པར་ཚང་མས་གང་བསམ་ལྷུག་གླེང་བྱས་ནས་ཚན་ཞིབ་གསར་གཏོད་ཐད་ཀྱི་བསམ་གཞིག་དང་ཤེས་ལྡན་པའི་ལས་དོན་ཐད་གྲོས་འགོ་འདོན་ཆོག”ཅེས་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག་ཚོགས་ཆུང་གསུམ་པའི་རིགས་གཅིག་མཁས་ཅན་གྱི་ཙུའུ་ཀྲང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ལི་ཕེ་ལིན་གྱིས་བཤད།

    “འགག་རྩའི་ལག་རྩལ་དེ་བསྒུགས་ནས་ཡོང་མི་ཐུབ་ལ་གཞན་ལ་བརྟེན་ན་དེ་བས་ཀྱང་ཡོང་མི་ཐུབ་པས། ངེས་པར་དུ་ང་ཚོ་རང་ཉིད་ལ་བརྟེན་དགོས” “གསར་གཏོད་ཀྱི་དུས་ཚོད་ལ་འགན་སྲུང་བྱེད་པ་ནི་གསར་གཏོད་ཀྱི་ནུས་པར་སྲུང་སྐྱོང་བྱས་པ་ཞིག་ཡིན”“ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཁྲོད་ཀྱི་སློབ་གསོའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས” གྲོས་འགོ་ཚང་མར་རང་རྒྱལ་འདི་ཉིད་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་བརྩེ་སེམས་དང་འགན་འཁྲི་ཟབ་མོ་འདུས་ཡོད། སྐད་ཆ་ཚིག་རེ་རེ་ལས་མི་སྒེར་གྱི་ཕུགས་འདུན་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགན་འཁྲི་དང་ལས་འགན་ནང་མཉམ་འདྲེས་ཐུབ་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།