དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བྱང་ཕྱོགས་ས་ཁུལ་དུ་ཆར་པ་བསྟུད་མར་བབས་པ།

    ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེཌ་སེལ་དངུལ་སྒོར་དུང་ཕྱུར་4.65སླར་ཡང་སྔོན་གཏོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-11

    ཟླ་8ཚེས་7ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་མུ་མཐུད་སྒྲིག་འཛུགས་ཀྱིས་མཉམ་འབྲེལ་གྲོས་མོལ་བྱས་ཏེ། ཧྲན་ཤིས་དང་། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཧྲན་ཏུང་། ཧོ་ནན། ཧྲའན་ཤིས། ཉིང་ཞ། ཀན་སུའུ་བཅས་ཞིང་ཆེན་9ལ་བརྙན་ལམ་ནས་བཀོད་པ་བཏང་ཞིང་། ཆར་པ་བབ་ཚུལ་དང་འབྲུབ་ཆུ་རྒྱས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ། གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་ཞོད་འགོག་གི་གེགས་སེལ་ལས་དོན་ལ་དམིགས་བསལ་རང་བཞིན་གྱི་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་མིག་སྔར་བྱང་ཤར་ས་ཁུལ་གྱི་ཆུ་བོ་ཁག་གཅིག་ཉེན་ཟོན་གྱི་ཆུ་ཁ་དང་འགན་སྲུང་གི་ཆུ་ཁ་ལས་བརྒལ་ཞིང་། ནུབ་བྱང་དང་ཧྭ་བྱང་སོགས་ས་ཁུལ་དུ་རེས་སྐོར་གསར་པའི་དྲག་ཆར་འབབ་པའི་དུས་རིམ་ཤར་ཡོད། ཆུ་ཁ་མཐོ་བའི་ཆུ་ལོག་སྔོན་འགོག་ལས་གྲྭར་སྐོར་ཞིབ་དང་འགོག་སྲུང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། ཉམས་ཞན་ཆུ་རགས་དུམ་བུ་དང་། ཉེན་ཁ་ཆེ་བའི་དུམ་བུ། འབྲུབ་དུས་ཀྱི་ཆུ་ཁ་ལས་བརྒལ་བའི་ཆུ་མཛོད་སོགས་གཙོ་གནད་གནས་ཚིགས་ཁག་ལ་སྐོར་ཞིབ་དང་གྲལ་བཤེར་བྱེད་ཚུལ་མངོན་གསལ་དོད་དུ་གཏོང་དགོས་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྔར་བས་དམ་དུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་སྒོ་རྒྱག་དང་བཀག་སྡོམ་དོ་དམ་ཚོད་འཛིན་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲུབ་འགོག་གེགས་སེལ་ལས་དོན་གྱི་མཉམ་ཤུགས་ཆགས་པ་བྱེད་དགོས་ཞེས་བསྟན་པ་རེད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བྱང་ཤར་དང་། སི་ཁྲོན་དང་ཁྲུང་ཆིང་། ཧུའུ་ནན། ཧྲའན་ཤིས་སོགས་ས་ཁུལ་དུ་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་བ་དང་ས་གཤིས་ཀྱི་གནོད་འཚེ་ཚབས་ཆེན་བྱུང་བར་དམིགས་ནས། ཟླ་8ཚེས་6ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་4.65སླར་ཡང་སྔོན་གཏོང་བྱས་ཏེ། ལེའོ་ཉིང་དང་། ཅི་ལིན། ཧེ་ལུང་ཅང་། ཧུའུ་ནན། ཁྲུང་ཆིང་། སི་ཁྲོན། ཧྲའན་ཤིས་བཅས་ཞིང་ཆེན་7གྱིས་འཕྲལ་སྡོམ་ཉེན་སེལ་གེགས་སེལ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ། གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ནས་གེགས་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་མགྱོགས་མྱུར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།