དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་གྱིས་ཕྱོགས་མང་པོའི་སྟོབས་ཤུགས་སྐར་གསོག་ལམ་ལུགས་ལ་ཞུགས་རྒྱུར་སྐུལ་སློང་བྱས་ནས་གྲོང་གསེབ་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞེ་ཝེ་ཆུན།   |     སྤེལ་དུས།  2024-08-11

    ཉིན་འདི་དག་རིང་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་ཤོན་ཆའོ་གྲོང་རྡལ་ཅི་ཆའོ་གྲོང་ཚོའི་ཡུལ་མི་ཚའེ་ལགས་ཧ་ཅང་དགའ་པོ་བྱུང་ཡོད། ཁོང་གིས་སྒོར་300རི་བའི་བརྗེ་སྒྱུར་འཛིན་ཤོག་ཁྱེར་ནས་གྲོང་ཚོ་ཨུ་ལྷན་དུ་ཡོང་སྟེ་གོང་ཐང་གཅིག་པའི་ཚོང་ཟོག་སྟེ། ཟ་སྣུམ་འགྱིག་དམ་2དང་། འོ་མ་སྒམ་2 སྐྲ་ཁྲུས་རྫས་སྒམ་2 གོས་ཁྲུས་འདག་ཁུ་སྒམ་2སོགས་བརྗེས་པ་རེད། ཡུལ་མི་ཚའེ་ལགས་ཀྱིས་དགའ་ཚོར་ཆེན་པོས“ཁང་པའི་རྒྱབ་མདུན་ཚང་མ་གཙང་མ་འཕྱག་རྒྱུ་ནི་ང་ཚོས་བྱེད་འོས་པ་ཞིག་རེད། འོན་ཀྱང་བྱ་དགའ་རག་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མ་བྱུང་། བྱ་དགར་སྤྲད་པའི་དངོས་རྫས་ཚང་མ་ང་ཚོར་རྒྱུན་གཏན་ནས་མཁོ་བ་ཤ་སྟག་རེད་འདུག་ལ་གོང་ཡང་ཧ་ཅང་ཁེ་པོ་འདུག”ཅེས་བཤད།

    ཧྲང་ཧའེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཨུ་ལྷན་གྱིས་མངགས་པའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ལིའུ་ཧུད་ཡིང་གིས་ངོ་སྤྲོད་བྱས་པར། ན་ནིང་ཟླ་5པར་ཕུའུ་ཏུང་ཁུལ་གསར་གྱིས《གྲོང་གསེབ་བཅོས་སྐྱོང་གི་སྐར་གསོག་ལམ་ལུགས་ལས་དོན་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏོན་ཏེ་ཅི་ཆའོ་གྲོང་ཚོ་ཚོད་ལྟའི་གྲོང་ཚོར་བརྩིས་ནས། དམངས་གཙོའི་གོ་རིམ་ལྟར་གྲོང་གསེབ་བཅོས་སྐྱོང་གི་ལས་འགན་ཐད་ཞིབ་ཕྲའི་དམིགས་ཚད་བཟོས་ཏེ་ཡུལ་མིའི་ཁོར་ཡུག་བཅོས་སྐྱོང་དང་། ཡ་རབས་ལྡན་པའི་ཡུལ་སྲོལ། ཁང་པ་བོགས་གཏོང་དོ་དམ་སོགས་རྒྱུན་གཏན་གྱི་ལས་ཀར་སྐར་མ་བརྒྱབ་ཡོད། གྲོང་ཚོས་དུས་བཀག་ནང་ཡུལ་མིར་ས་གནས་ས་ཐོག་ཏུ་དཔྱད་བསྡུར་བྱས་པ་མ་ཟད། ཐོབ་པའི་སྐར་གྲངས་ཀྱི་གནས་ཚུལ་གཞིར་བཟུང་། དངོས་པོ་དང་བསམ་པའི་བྱ་དགའ་སྤྲོད་ཀྱི་ཡོད། ཡུལ་མི་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པར་ཕྱོགས་ཡོངས་ནས་ཁྲིད་སྟོན་བྱ་ཆེད། གྲོང་ཚོ་དེས་སྦྲག་སྲིད་གསོག་འཇོག་དངུལ་ཁང་ཧྲང་ཧའེ་ཡན་ལག་དངུལ་ཁང་དང་། སྦྲག་སྲིད་དམངས་ཕན་དངུལ་ཁང་། འགན་བཅོལ་སྒྲིག་གཞི་སོགས་སྟོབས་ཤུགས་མང་པོ་དང་མཉམ་ལས་བྱས་ཏེ། ཡིད་རྟོན་སྐར་གྲངས་དཔྱད་བསྡུར་དང་སྐར་གསོག་ལམ་ལུགས་མཉམ་སྒུལ་བྱས་པ་དང་དུས་མཚུངས་འགན་བཅོལ་སྒྲིག་གཞི་གདན་དྲངས་ཏེ་ཕྱོགས་གསུམ་པའི་ཞབས་ཞུའི་ངོས་ནས་སྐར་མ་རྒྱག་པ་དང་སྐར་མ་སྤྲོད་དུ་བཅུག་སྟེ་སྐར་གྲངས་དཔྱད་བསྡུར་གྱི་གཞུང་དྲང་རང་བཞིན་ཆེ་རུ་དང་བྱ་དགའ་ཕུན་སུམ་ཚོགས་སུ་བཏང་ཡོད།

    གྲོང་དོན་དོ་དམ་གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། སྦྲག་སྲིད་དམངས་ཕན་དངུལ་ཁང་གིས་ཅི་ཆའོ་གྲོང་ཚོར་གྲོང་དོན་དོ་དམ་གྱི་APPལས་སྟེགས་ཤིག་དམིགས་སུ་བཟོས་ཏེ། སྐར་གསོག་དོ་དམ་དང་། གྲོང་དོན་ཡོངས་བསྒྲགས། མི་འབོར་དོ་དམ་སོགས་ཀྱི་བྱེད་ནུས་ཆ་ཚང་ཡོད་པར་བྱས་ནས་ཁྱིམ་ཚང་ཚང་མར་དེ་བས་གནད་སྨིན་དང་དེ་བས་འཐུས་སྒོ་ཚང་བའི་ཞབས་འདེགས་ཞུས་ཡོད། ཡུལ་མིས་གལ་སྲིད་ཆེད་གཏོགས་རྩ་གཉིས་ཨང་རྟགས་བཤེར་ཚེ་སྐར་གསོག་འདུན་ཞུ་དང་། ཞིབ་དཔྱད། ཐོ་འགོད། ཡོངས་བསྒྲགས་བཅས་སྟབས་བདེའི་སྒོ་ནས་བྱེད་ཐུབ་ཀྱི་ཡོད། གཞན་ཡང་། ལས་སྟེགས་ཀྱིས་ཡག་ཉེས་བང་རིམ་སྒྲིག་པའི་ལམ་ལུགས་བཟོས་ཏེ་སྐར་གསོག་མཐོ་བའི་ཞིང་དུད་ལ“ཁྱིམ་ཚང་ཡག་ཤོས”དང“རིག་དཔལ་དར་བའི་ཁྱིམ་ཚང”སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་ཕུད། ད་དུང་དངུལ་རྩའི་ཞབས་ཞུའི་མིང་ཐོ་དཀར་པོའི་ནང་བཅུག་པ་དང་འབྲེལ་དངོས་པོའི་བྱ་དགའ་ཐོལ་པ་སྤྲོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།