དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྒྱུའི(སོག་ལུགས་སྨན་རྒྱུ)ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་སྐབས་བཞི་པ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-11

    ཚེས་8ཉིན། རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྒྱུའི(སོག་ལུགས་སྨན་རྒྱུའི)ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་སྐབས་བཞི་པ་དང་ནང་སོག་ཀྲུང་ལུགས་སྨན་རྒྱུའི་ཁྲོམ་ར་སྒོ་འབྱེད་མཛད་སྒོ་ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥུང་གྲོང་ཁྱེར་ཁཱ་ལ་ཆིན་ཆིར་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“འཁྲུལ་མེད་སྨན་རྒྱུའི་རིག་གནས་རྒྱུན་འཛིན་བྱས་ཏེ་མཉམ་ལས་གཉིས་ཕན་གྱི་ལས་སྟེགས་བསྐྲུན་རྒྱུ”དེ་ཡིན་པ་དང་། ཁྲི་ཧྥུང་ཀྲུང་ལུགས་སྨན་རྒྱུ་དང་སོག་ལུགས་སྨན་རྒྱུའི་ཐོན་ལས་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།

    བྱེད་སྒོ་སྤེལ་ཡུན་ཉིན་གསུམ་ཡིན་ཞིང་། ཐོན་རྫས་དངོས་མང་སྟོན་ཚོགས་དང་། ལག་རྩལ་སྤེལ་རེས། ཉམས་མྱོང་མཉམ་སྤྱོད། ཐོན་ཁུངས་འབྲེལ་སྦྱོར། ཐོན་རྫས་ཉོ་ཚོང་། རྣམ་གྲངས་གྲོས་མོལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད། ཚོགས་ཞུགས་པར་ཚན་རྩལ་འགྲེམས་སྟོན་དང་། ཐོན་ལས་འབྲེལ་སྦྱོར། རིག་གནས་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་ཤིག་བསྐྲུན་ཡོད་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་ནང་སོག་ཀྲུང་ལུགས་སྨན་རྒྱུའི་ཁྲོམ་རའི་ཚོང་སྒོ་ཕྱེ་བ་དེས་ས་གནས་དེ་གའི་ཀྲུང་ལུགས་སྨན་རྒྱུའི(སོག་ལུགས་སྨན་རྒྱུ)ཁྲོམ་ར་སྔར་བས་ཚད་ལྡན་དུ་གཏོང་བར་སྐུལ་མ་ཐེབས་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་དེ་བས་ནུས་ལྡན་ཐུབ་རྒྱུ་རེད།

    མིག་སྔར། ཁཱ་ལ་ཆིན་ཆིར་སྨན་རྒྱུ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཁྲི་15.8ཡོད་ཅིང་། མུའུ་500ཡན་གྱི་འདེབས་འཛུགས་རྟེན་གཞི་77ཡོད་པ་དང་མཐའ་འཁོར་ས་ཁུལ་དུ་འདེབས་འཛུགས་མུའུ་ཁྲི་50ལྷག་ཙམ་བྱེད་པར་སྐུལ་ཁྲིད་བྱས་ཏེ་ཞིང་ཆེན་28དང་མཁོ་འཚོང་གི་འབྲེལ་བ་བརྟན་པོ་བཙུགས་པར་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་40ཙམ་ཟིན་གྱི་ཡོད་པ་རེད། ས་གནས་དེ་གར་ད་ཆ་རི་སྐྱེས་ཀྲུང་ལུགས་སྨན་རྒྱུ་ཁག་1000ཙམ་ཡོད་པ་དང་མི་ཐབས་ཀྱིས་འདེབས་གསོ་བྱེད་པའི་ཀྲུང་ལུགས་སྨན་རྒྱུ་ཁག་30ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།